| | e-texts navigator
|
8b1 བྱུ་བ་ཡང་གཞི་ལ་གནོད་མེད་ལྟར།། རྣམ་རྟོགས་ཐམས་ཅད་སེམས་ཡིན་ཏེ།། ཡེ་ཤེས་ཉི་དུ་ཐམས་ཅད་གསལ།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། དཔེར་ན་རྒུན་ཟླ་འབྲིང་པོ་ལ།། སྤབ་ལ་མེད་མཆེད་ཇི་བཞིན་དུ།། རྣམ་རྟོགས་མཚན་མ་ཐམས་ཅད་ཀྱང་།། ཐམས་ཅད
8b2 ཡེ་ཤེས་ཉིད་དུ་གསལ།། དཔེར་ན་རིན་ཆེན་གསེར་གླིང་དུ།། ས་རྡོ་བཙལ་གྱིས་མི་རྙེད་བཞིན།། ཐམས་ཅད་སེམས་སུ་དོན་རྟགས་ན།། ཏིང་འཛིན་དག་ལ་འབྱུང་འཇུག་མེད།། འཁོར་བ་མྱ་ངན་འདས་པའི་ཆོས།། ཐམས་ཅད་ཆོས་ཉིད་གྱུར་པ་ལ།། བསྒོམ་པའི་ཐ་སྙད
8b3 བྲལ་བའི་དོན།། ཐམས་ཅད་ཡེ་ཤེས་ཉིད་དུ་གསལ།། ཐུག་ལས་འདས་པས་གསལ་དུ་མེད།། སྐུ་ལས་འདས་པས་གཟུང་དུ་མེད།། སྒྲ་ལས་འདས་པས་བརྗོད་དུ་མེད།། རྟོག་པ་མེད་པས་ལྷུན་གྱིས་གྲུབ།། དེ་ཡང་རྡོ་རྗེ་སྙིང་པོ་ཁྱོད།། རྣམ་རྟོག་མཚན་མ་སྐྱེ་བའི་ཚེ
8b4 ཆོས་སྐུ་རྟོག་པ་མེད་པའི་ངང་།། འབྱུང་བའི་ཡོན་ཏན་ལ་སྤྱོད་ཚེ།། ལོངས་སྤྱོད་རྫོགས་པའི་སྐུའི་ངང་། འགྲོ་དྲུག་གཟུགསུ་སྣང་བའི་ཚེ། སྤྲུལ་སྐུ་ཐུབ་པ་ཆེན་པོའི་ངང་།། སྡུག་བསྔལ་སྣ་ཚོགས་སྐྱེས་པའི་ཚེ།། ཡེ་ཤེས་བདེ་བ་ཆེན་པོའི་ངང་།། ཕྱི་ནང་སྒྲ་སྐད
8b5 སྣ་ཚོགས་པ། གསང་སྔགས་གི་འཁོར་ལོ་ཡིན།། རྐྱེན་གྱིས་ཆག་སྡང་སྐྱེས་པ་ཚེ།། རང་བྱུང་ཡེ་ཤེས་ཤར་བ་ཡིན།། ཤཱ་དང་སེར་བ་ལ་སོགས་པ།། ཀུན་བཟང་ཐུགས་རྗེའི་རོལ་པ་ཡིན།། ངམ་གྲོག་གཡངས་ས་ཚེར་དོད་ཡང་།། རྣམ་པར་དག་པ་ཞིང་ཁམ
8b6 ཡིན།། མཚན་མ་སྤངས་པའི་ཕ་རོལ་ན། སྒོམ་པ་བྱ་བ་ལོག་ན་མེད། སྡུག་བསྔལ་སྤངས་པའི་ཕ་རོལ་ན།། བདེ་བ་བྱ་བ་ལོགས་ན་མེད།། གཏི་མུག་སྤངས་པའི་ཕ་རོལ་ན། ཡེ་ཤེས་ཆེན་པོ་ལོགས་ན་མེད།། རང་སེམས་སྤངས་པའི་ཕ་རོལ་ན།། སངས་རྒྱས
8b7 བྱ་བའི་ལོགས་ན་མེད།། ཆོས་ཅན་སྤངས་པའི་ཕ་རོལ་ན།། ཆོས་ཉིད་རྣམ་རྟོག་ལོགས་ན་མེད། གནོད་རྐྱེན་སྤངས་པའི་ཕ་རོལ་ན། སྙིང་རྗེ་བྱ་བ་ལོགས་ན་མེད།། འཁོར་བ་སྤངས་པའི་ཕ་རོལ་ན།། མྱ་ངན་འདས་པའི་མིང་ཡང་མེད།། དེ་ཡང་སེམས་དཔ
iiif viewer powered by OpenSeadragon
8a - 9a