e-texts navigator
Collection
Volume
Page
Wylie

8a1 ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། ཡེ་ཤེས་སྤྱི་བླུགས་ཀྱི་ཆོས་ཀྱི་ཆོས་ཉིད་ལ།། རིག་པ་རྩལ་གྱིས་དབང་བསྲུང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ལ།། སེམས་དཔའ་རྡོ་རྗེ་དོན་ཞུས་པ།། མ་བསྒོམས
8a2 ཡེ་ཤེས་ཇི་ལྟར་ལགས། ཕྱི་ནང་ཆོས་ཀུན་ཇི་ལྟར་རྫོགས། དབང་ཆེན་འབྲས་བུ་ཇི་ལྟ་བུ།། ཆེ་བའི་ཡོན་ཏན་ཇི་ལྟར་འབྱུང་།། དེ་སྐད་གསོལ་བའི་ཚིག་གསན་ནས།། འདུས་པའི་ཚོགས་ལ་བཀའ་སྩལ་པ།། མ་སྒོམས་དོན་དང་མི་འབྲལ་བས།། ཐི་ལེ་གཅིག་ཏུ
8a3 རྫོགས་པ་ཡི། ཀུན་གཞི་མ་བཅོས་ཆོས་སྐུ་ལས།། སྣ་ཚོགས་སྣང་ཡང་འགྱུར་བ་མེད།། ལྷ་དང་ལྷ་མིན་མི་རྣམས་ཀྱིས།། སྐྱེ་བར་བྱེད་པ་སྔ་མའི་ཡིད།། དམྱལ་བ་ཡི་དགས་བྱོལ་སོང་གིས།། སྐྱེ་བར་བྱེད་པ་ཉོན་མོངས་ཡིན།། སྒོ་ལྔ་རྗེས་འབྲང་རྣམ་རྟོག་སྟེ།།
8a4 ཐག་པ་སྦྲུལ་དུ་བློ་སྣང་བ།། སྦྲུལ་སྣང་ཙམ་ཉིད་ཐག་པ་བཞིན།། ཡུལ་དུ་སྣང་བའི་མཚན་མ་རྣམས།། རང་རིག་ཡེ་ཤེས་ངོས་ཟིན་ཡིན།། ཐམས་ཅད་རང་བྱུང་བ་ཉིད་ཀྱི་དོན།། མཁའ་ལྟར་ཁྱབ་ཅིང་ཉི་ལྟར་གསལ།། གསལ་ཙམ་ཉིད་ན་ནུབ་པ་མེད།། མེད་པ
8a5 མ་ཡིན་ཤེས་ཤིང་རིག། རིག་ཙམ་ཉིད་ན་རང་གིས་སྟོང་།། སྟོང་པ་ཉིད་ན་མཐའ་དབུས་མེད།། ཡེ་ཤེས་ལྷུན་གྲུབ་ཆེན་པོ་ལ།། བྱིང་རྒོད་ཞེ་འཛིན་སྐྱོན་བྲལ་བས།། གསལ་འདེབས་སྟོང་ཆེན་པོ་ལ།། དང་དུ་བཞག་པ་ཅི་ཡང་མེད།། མཉམ་བཞག་མེད་པས་རྗེས་ཐོབ་མེད།
8a6 སངས་རྒྱས་མེད་པས་སེམས་ཅན་མེད།། ཐམས་ཅད་ཡང་བྱུང་ཆེན་པོ་ལ།། གཞན་དུ་གཡོ་བ་རྡུལ་ཙམ་མེད།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། དཔེར་ན་ཉི་མའི་སྙིང་པོ་ལ།། གཞན་གྱིས་མ་བྱས་རང་གསལ་ཞིང་།། ཐམས་ཅད་ཡེ་ཤེས་ངོ་བོར་གསལ།། མ་རིག་མུ།
8a7 པ་འདོད་ནས་སངས།། དེ་ཡང་ཀུན་འདུས་སྙིང་པོ་ཁྱོད།། དཔེར་ན་རྒྱལ་པོ་མཐོང་བའི་ཚེ།། མཉམ་ཉིད་གུས་པའི་བློ་སྐྱེ་ཞིང་།། ཆོས་ཉིད་གསལ་བས་རྟོག་པ་མེད།། རིག་པ་རྒྱུན་ཆགས་ཉིད་དུ་གནས།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། དཔེར་ན་ན་མཁའི་སྤྲིན་བཞིན་དུ




iiif viewer powered by OpenSeadragon

7b - 8b

Texts on this page

Gbr008.11 - rdzogs pa chen po'i lta ba thams cad kyi snying po'i rgyud