e-texts navigator
Collection
Volume
Page
Wylie

14b1 མི་ཐེག་ཁལ་ཆེན་བསྐལ་པ་བཞིན།། དོན་མགོ་བར་ངན་སོང་ལྷུང་།། དེ་བས་རང་སེམས་སྔོན་སྦྱངས་པའི།། རྣལ་འབྱོར་གང་གིས་དང་ལྡན་ལ།། སྙིང་པོ་འདིའི་དོན་མཚོན་ནས།། ལྟ་བའི་སྙིང་པོ་རྟོགས་པར་གྱིས།། དེ་ཡང་འདུས་པའི་སྙིང་པོ་ཁྱོད།། ཚུལ་ཆོས
14b2 བྱེད་ཅིང་སློབ་དཔོན་སྨོད།། ནོར་ཕངས་བཞོག་དོམ་ཁ་བསག་ཅིང་།། གཡོ་རྒྱུ་ཐབས་ཀྱི་ཆོས་འདོད་པ། རྒྱུད་ཀྱི་སྙིང་པོ་ལྟ་བ་ནི།། ནམ་ཡང་བསྟན་པར་མ་གསུངསོ།། གལ་ཏེ་སྙིང་པོའི་དོན་བསྟན་ན།། འཕགས་པ་རྣམས་ཀྱང་དགྲར་ལྡང་ན།། མཁའ
14b3 འགྲོ་དམ་ཅན་སྨོས་ཅི་དགོས།། ཐར་པའི་སྲོག་ཅད་མནར་མེད་ལྷུང་།། དེ་ལ་འདུས་པའི་སྙིང་པོ་ཁྱོད།། གསང་བ་རྒྱུད་ཀྱི་སྙིང་པོ་འདི།། མར་མེ་འཆི་ཀའི་འོད་བཞིན་དུ།། བསྟན་པ་འཇིག་པའི་དུས་དག་ཏུ།། ཀུན་བཟང་ཐུབ་པའི་བྱིན་རླབས་ཀྱིས།། རྣལ་འབྱོརས
14b4 ལྡན་རྣམས་ལ་འབྱུང་།། དེ་ཚེ་རྒྱུད་ཀྱི་སྙིང་པོ་འདི།། གུ་ཡང་གསེར་བཞིན་མི་ནུས་པམ།། སྣོད་ལྡན་འགའ་ལ་གཏད་པ་ལས།། སྣང་དགུ་རྣམས་ཀྱི་སྤྱོད་ཡུལ་མིན།། ཀུན་ཀྱང་ངེས་པར་དེ་ལྟར་ཞོག། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། དེ་ལྟར་མ་རྟོགས་དམན་རྣམས
14b5 ཀྱིས། སྔར་ནས་སྦྱངས་བཞིན་ཚོགས་བསགས་ཀྱང་།། མཉམ་པར་མ་བཞིག་འབྲས་བུ་ཆུང་།། འགྲོ་བའི་མགོན་པོས་དེ་སྐད་གསུངསོ།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས།། རྒྱུད་ཀྱི་སྙིང་པོ་གཏད་པའི་ལེའུ་སྟེ་རྩ་གཞི་པའོ།།
14b6 སངས་རྒྱས་ཐམས་ཅད་ཀྱི་དགོངས་པ།། རྫོགས་པ་ཆེན་པོ་མི་ནུས་པའི་རྒྱལ་མཚན།། རྡོ་རྗེ་སེམས་དཔའ་མན་ངག་གི་ཁོ་ག་དོན།། ལྟ་བ་ཐམས་ཅད་ཀྱི་སྙིང་པོའི་རྒྱུད་ཅེས་བྱ་བ་རྫོགས་སྷོ།། ། དགེའོ།། །




iiif viewer powered by OpenSeadragon

14a - 1a

Texts on this page

Gbr008.11 - rdzogs pa chen po'i lta ba thams cad kyi snying po'i rgyud