| | e-texts navigator
|
14a1 ཀྱི་སྙིང་པོ་ལས།། མན་ངག་གི་གཏན་ཚིགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ཡིས། འཁོར་རྣམས་གུས་པའི་ཚུལ་གྱིས་ནི།། རང་རང་རྟོགས་པ་བརྗོད་པའི་ཕྱིར།། སྤྱས་སྔར་འདུག
14a2 ནས་འདི་སྐད་གསོལ།། རིག་ནས་འདུག་ལ་བདག་ཅག་ནི། རྩ་བ་རང་སེམས་འོད་གསལ་བས།། རྩལ་བས་མ་རྙེད་རང་གི་སེམས།། དམིགསུ་མེད་པའི་ཆོས་སྐུ་ལ།། གང་ཡང་མ་བཀག་ན་མཁའ་བཞིན།། མ་སྒོམ་མ་ཡེངས་བྲས་བུ་རྟོགས།། ཞལ་མཐོང་།
14a3 སྤྲུལ་པ་དག་གིས་ནི།། དུས་གསུམ་རང་སེམས་འགྱུར་མེད་དོན།། མེད་ལ་མི་ཟེད་མཐའ་བྲལ་བས།། གང་ཡང་མ་སྤངས་གནས་སུ་དག། མ་རྩལ་བརྙེད་ན་ནོར་བུ་བཞིན།། རང་སེམས་ཆོས་ཀྱི་དབྱིངསུ་དག། དང་ཉན་འཁོརབ་གྱི་རྟོག་པ་འདི།། འགྲོ་དྲུག་སེཾམ
14a4 ཐམས་ཅད་ཀྱི། ཆོས་སྐུ་རང་ཆས་དོན་རྟོགས་ན།། རྩོལ་ཞིང་སྒྲུབ་པའི་ནད་བྲལ་ནས། ཡེ་ཤེས་ངོ་བོ་སངས་རྒྱས་ཏེ།། རེ་དོགས་མེད་པའི་ལམ་དུ་རྟོགས།། དེ་སྐད་འརྗོད་པའི་དོན་གསན་ནས།། ཀུན་རིག་རྒྱལ་པོ་བཀའ་སྩལ་པ། ལེགས་སོ་དང་ལྡན
14a5 འཁོར་རྣམས་ཉོན།། ཚིག་ཏུ་བརྗོད་པ་སྣ་ཚོགས་ཀྱང་།། དོན་ལ་དབྱེར་མེད་ངོ་བོ་ཅིག། ཅིག་ལས་སྤྲོས་པ་ཀུན་གྱི་དང་།། དབྱེར་མེད་དོན་དུ་སངས་རྒྱས་ན།། འཕོ་ཞིང་འགྱུར་བར་ཆོས་མེད་དོ།། རྫོགས་པ་ཆེན་པོའི་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས།། འཁོར
14a6 གྱི་རྟོགས་པ་བརྗོད་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། ། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། ལྟ་བའི་སྙིང་པོའི་དོན་བསྟན་པ།། ཐེག་པའི་རྒྱལ་པོ་ལྷུན་རྫོགས་འདི།། སྐལ་ལྡན་འདུས་པ་རྣམས
14a7 ཀྱིས་ཀྱང་། ཡིད་ལ་བསྟན་ཅིང་བཅང་བར་གྱིས།། དེ་ཡང་རྡོ་རྗེ་སེམ་པོ་ཁྱོད།། ང་ཡིས་བསྟན་པའི་སྙིང་པོ་འདི།། ལོག་སྲེད་ཞེན་ཆགས་མ་ངེས་པ།། ནམ་ཡང་བསྟན་པར་མ་བྱེད་གཅིག། ཉན་ཐོས་ལ་སོགས་ལྟ་དམན་ལ།། བསྟན་ཀྱང་གོ་བར་མི་འགྱུར་ཏེ།
iiif viewer powered by OpenSeadragon
13b - 14b