| | e-texts navigator
|
7b1 ཐིག་ལེ་ཆོས་སྐུ་དེ་ལ་བྱ།། གཉིས་ཀའི་རྒྱུ་རུ་གྱུར་པ་ནི།། རང་བྱུང་ངོ་བོ་ཉིད་ཀྱིས་སྐུ།། ཆོས་རྣམས་ཀུན་གྱི་གཞི་ཡིན་ཕྱིར།། ཡེ་ཤེས་རྒྱུ་ཞེས་དེ་ལ་བྱ།། རྟོགས་མ་རྟོགས་ལ་ཐ་དད་ཀྱང་།། ལུང་ལྡན་རྐྱེན་གྱིས་ཡེ་ཤེས་དེ།།
7b2 ཐད་མཁྱེན་པའི་རྒྱུ་ཡིན་ཕྱིར།། རྒྱུ་ཡི་ཡིས་དེ་ལ་བྱ།། བྱ་བྱེད་ལམ་གྱི་འབད་རྩོལ་གྱིས།། རང་བྱུང་བྱང་ཆུབ་གེགས་ཡིན་པས།། ཤེས་པ་རྩོལ་མེད་ཡིས་འདི།། ལམ་གྱི་ཡིས་དམ་པར་གསུངས།། རྟོགས་པའི་ངང་ལས
7b3 མ་གཡོས་པར།། ཐེག་བརྒྱད་ལཾ་གྱི་སྤོང་ལེན་དང་།། ཕ་རོལ་མཛད་སྤྱོད་འདི་ཡིས་འགྲུབ།། ཡོན་ཏན་སྟོབས་རྣམས་མ་ལུས་འགྲུབ།། ཡིས་འབྲས་བུ་འདི་ཤེས་པས།། དབུལ་པོས་རིན་ཆེན་རྙེད་པ་འདྲ།། ཕྱི་མ་མ་ཡིན་དུས
7b4 འདི་རང་།། རྩོལ་མེད་རིག་པ་མངོན་སངས་རྒྱས།། དེ་ཡང་འདུས་པོའི་སྙིང་པོ་ཉོན།། མི་གནས་ཆོས་སྐུ་དོན་རྟོགས་པ།། འཆིང་གྲོལ་དགེ་སྡིག་གཉིས་ཀྱི་ཆོས།། གཞི་ལ་གཉིས་ཀ་སྡོད་ནས་མེད།། དེ་ཕྱིར་ཐིག་ལེ་ཉག
7b5 གཅིག་གོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཉི་མའི་དཀྱིལ་ན་མུན་མེད་ལྟར།། དེ་བཞིན་དོན་རྟོགས་མ་སྐེམས་ཀྱང་།། སྐྱོན་མེད་བྱང་ཆུབ་ཆོས་སྐུའི་ཀློང་།། གོལ་སྒྲིབ་དག་ལ་ཡ་མི་ང་།། དཔེར་ན་སེང་གེའི་སྒྲ་བསྒྲཊ
7b6 བ་རི་དགས་ཕྲ་མོ་དབྱེར་བུ་བཞིན།། དོན་འདི་རྣལ་འབྱོར་གང་ཡོད་ལ།། ལྟ་དམན་སྒོ་སྐུར་ཟིལ་གྱིས་གནོན།། དཔེར་ན་པདྨ་འདམ་ནུས་ཀྱང་།། དྲི་མས་མི་གོས་ཤིན་ཏུ་གསལ།། དེ་བཞིན་རྣལ་འབྱོར་ལུས་ཡོད
7b7 ཀྱང་།། སྒྲིབ་པ་མ་གོས་ཡིས་གསལ།། དཔེར་ན་འཁོར་ལོས་སྒྱུར་རྒྱལ་ཉིད།། གླིང་བཞི་གླིང་ཕྲན་དབང་དུ་སྡུད།། དེ་བཞིན་དོན་འདི་རྟོགས་པ་ཡིས།། ཕ་རོལ་ཕྱིན་བཅུ་དབང་རྣམ་ཀྱང་།། རང་བཞིན་མ་རྩལ་ལྷུན
iiif viewer powered by OpenSeadragon
7a - 8a