| | e-texts navigator
|
6a1 དེ་ལ་བསད་པར་སོམས་གྱུར་ཅིང་།། ས་ཕྱོགས་མངའ་རིས་འགེགས་པའི་ཚེ།། ཀུན་བཟང་ལྟ་བ་ངེས་དོན་འདི།། ངོ་བསྲུངས་ཚུལ་ཆོས་མ་ཡིན་པར།། ཞུམ་མེད་དམ་ཆོས་འདི་འཆད་པ།། ཚམ་ཚོམ་མེད་པ་དཔའ
6a2 བོའི་མཆོག། འཇིགས་མེད་མ་ནོར་སྟོན་པ་ལ།། བདེ་གཤེགས་རྣམས་ཀྱིས་བྱིན་གྱིས་རློབས།། མཁའ་གྲོ་ཆོས་སྐྱོང་སྨོས་ཅི་དགོས།། གནོད་པས་མི་ཚུགས་བསོད་ནམས་འཕེལ།། དེ་ཚེ་ཉན་ཐོས་མུ་སྟེགས་སོགས།། རང་རང་སྐམ
6a3 ཆགས་རྩོད་གྱུར་ནས།། གཡུལ་འགྱེད་བྱེད་ཅིང་རུ་ཏྲ་འདྲ།། རིམས་ནད་སྣ་ཚོགས་བཀྲ་མི་ཤིས།། ཡོན་བདག་རྣམས་ནི་དད་པ་ལྡོག། འོག་མའི་བསྟན་པ་འཇིག་པའི་རྟགས།། ཕྱི་མར་ངན་སོང་སྨོས་ཅི་དགོས།། དེ་ཡང་འདུས
6a4 བཔའི་སྙིང་པོ་ཉོན།། དེ་ལྟ་བུའི་དུས་བྱུང་ཚེ།། གལ་ཏེ་ཚོགས་ལ་ཆོས་འཆད་ན།། ཉམས་དང་ལྐུག་པ་ཞེན་འཁོན་རྣཾས།། ཡོད་མེད་གཤེར་ལ་བཤག་སུ་བཞུག། དེ་མི་ནུས་ལ་ཆོས་མི་འཆད།། དཔེར་ན་ལྡུམ་རར་དུག་སྐྱེས་ན།།
6a5 བདག་པོས་དུག་ཏུ་ཤེས་མ་ཐག། རྩད་ནས་ཕྱུང་སྟེ་མེད་པར་བྱེད།། དེ་བཞིན་དམ་ཉམས་མི་མཐོང་ན།། གང་ལན་ཚོགས་ལས་དཀར་ལ་བཏང་།། ལྟ་བཤགས་ཕྱེད་དུ་ཡིད་ལ་བྱ།། དེ་ལྟར་མ་བྱས་ཕྱལ་བཞག་ན།། རྟེན་བྱེད
6a6 མ་ཐུབ་སྲོག་གཅོད་བཞིན།། ཉམས་སྒྲིབ་སྐྱོན་གྱི་ན་ཚ་འབྱུང་།། མཁའ་གྲོ་འཆད་པའི་རིམས་ཀྱིས་གཅོད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གལ་ཏེ་དད་པའི་གདུང་སེམས་ཀྱིས།། དམ་ཚིག་ཉམས་པའི་སྐྱོན་འགྱོད།
6a7 ནས།། བསྐང་བཤགས་གཡོ་རྒྱུ་མེད་བྱེད་པ།། གསེར་དངུལ་ཆག་བཅོས་ཕྱིར་ལེགས་བཞིན།། དོན་ལ་བརྩོན་འགྲུས་ཤིན་ཏུ་ཆེ།། དེ་ཕྱིར་སྣོད་ཀྱི་དམ་པའི་མཆོག། མན་ངག་ཡང་སྙིང་རྫོགས་པར་བསྟན།། དེ་དོན་ཤིན་ཏུ་རྩལ
iiif viewer powered by OpenSeadragon
5b - 6b