e-texts navigator
Collection
Volume
Page
Wylie

5b1 ཉན་འཆང་སྒྲུབ་པའི་དབང་ནོས་ནས།། མཆེད་ལ་སྲིད་ལྟར་གདུངས་བྱེད་ཅིང་།། ཐོས་བསམ་སྒོམ་པར་འདོད་པ་ཡིས།། བྱང་ཆུབ་སྲོག་དང་སྔོ་བ་ཡིས།། སྣོད་ལྡན་མ་ནོར་ཕྲད་གྱུར་ན།། འཚོ་བ་རང་གི་སྦྱར་བ་ཡང་།། ལྟ་བའི།
5b2 དགོངས་དོན་འདི་བསྟན་ཏེ།། མ་མཚོན་གོ་དང་མ་སྤྱད་རྟགས།། དོན་ལྡན་མན་ངག་རིག་པའི་ཀློང་།། མ་སྒོམས་རྟོགས་པས་ངེས་པར་ཆོག། དེ་ཡི་འབྲས་བུ་ད་ལྟ་ཉིད།། སངས་རྒྱས་རྒྱལ་པོ་ཡེ་ཤེས་སྐུ།། ཐམས་ཅད་མཁྱེན
5b3 བའི་ཡེ་ཤེས་དེ།། འབྲས་བུ་ཀུན་གྱི་མཆོག་ཏུ་བཤད།། རྡོ་རྗེ་སེམས་དཔའ་དེ་ཡང་ཉོན།། ངོ་བོ་ཉིད་ཀྱི་ཆོས་སྐུ་ལ།། འདས་དང་མ་འདས་མི་མངའ་ཡང་།། ང་ཉིད་དངོསུ་མི་བཞུགས་ཚེ།། འཛམ་གླིང་དབུས་ཀྱི་ཤར་ཕྱོགས
5b4 སྐལ་ལྡན་རིགས་ཀྱི་སྤྲུལ་པ་གཅིག། ཕ་མེད་བྲམ་ཟེའི་རིགས་སྐྱེས་ནས།། ང་ཡི་ངེས་དོན་ལྟ་བ་ནི།། གདམ་ངག་མན་ཆད་སྟོན་པ་འབྱུང་།། ཕྱི་རབས་རྣལ་འབྱོར་འཇུག་འདོད་པས།། ང་ཡིས་རྒྱུད་འདི་རྟོགས་པར་གྱིས
5b5 འདི་ཞེས་བླ་མ་དམ་པར་ཟུང་།། དེ་བཟུང་ཡོན་ཏན་བརྗོད་མི་ལང་།། ངེས་དོན་འདི་ལ་གང་མོས་རྣམས།། བཀའ་དང་མཐུན་པར་དོན་གོ་ན།། རྡུལ་ཙམ་དུ་ཡང་མ་སྒོམས་ཀྱང་།། སངས་རྒྱས་ས་ལ་སྨོས་ཅི་དགོས།། དེ་ཚེ།
5b6 དང་ལྡན་འདི་ལ་འཇུག། འཁོར་འདས་མ་རེག་ཆོས་སྐུའི་དོན།། ལས་ཅན་ཀུན་གྱིས་རྟོགས་དོན་ཆོས།། གདམ་ངག་རྫོགས་ཆེན་བསྟན་པ་འབྱུང་།། དེ་ཚེ་ང་ཡི་འཁོར་རྣམས་ཀྱིས།། ངེས་དོན་ལྟ་བ་འཆད་པ་ལ།།
5b7 ལྟ་མན་ཚུལ་ཆོས་སྡེ་པ་དང་།། སྔགས་པར་ངས་ཆོས་མུ་སྟེགས་དང་།། དྲང་དོན་ཐེག་པ་ལ་ཞེན་རྣམས།། ཞེ་སྡང་བྱེད་པའི་དུས་བྱུང་ཚེ།། ཁ་ཟེར་ཕྱར་ཁ་གཏོང་བ་དང་།། དུག་དང་རྡོ་སོགས་མཚོན་རྣམས་ཀྱི།།




iiif viewer powered by OpenSeadragon

5a - 6a

Texts on this page

Gbr008.1 - rdzogs pa chen po lta ba'i yang snying / sangs rgyas thams cad kyi dgongs pa / nam mkha' klong yangs kyi rgyud