| | e-texts navigator
|
5a1 བཀའ་སྩལ་པ།། ཡང་སྙིང་ལྟ་བ་བརྒྱུད་ཆེན་འདི།། ཡིད་ཀྱི་བཤད་རྟོགས་པ་ཡི་དོན།། ང་ཤེས་ཡེ་ཤེས་དེ་བར་གྱིས།། བདུད་དང་བར་ཆོད་ཐམས་ཅད་ཀྱང་།། ང་ཉིད་རོལ་པ་ལས་གཞན་མེད།། ངམ་ཤེས་ན
5a2 ཅི་སྤྱད་བདུད།། འབྲས་བུ་རླག་ཅིང་ཚིག་པར་འགྱུར།། དེ་སྐད་གསུངས་ནས་སྐུ་གསུང་ཐུགས།། སྐྱེ་འགག་མེད་པའི་ཡེ་ཤེས་ཀྱི།། རྒྱུན་མི་འཆད་ཀྱི་དགོངས་པ་ལ།། ཐུགས་ནི་ཤིན་ཏུ་ཐིམ་གྱུར་ཏོ།། དེ་ནས་རྡོ་རྗེ་སེམས་དཔ
5a3 ཡིས།། འདུས་པའི་ཚོགས་ལ་ཕན་གདགས་ཕྱིར།། ཡིད་ཀྱི་ངེས་དོན་འདི་སྐད་གསོལ།། དད་པ་སྒོམ་དང་རྟོགས་པ་ཡིས།། སྣོད་ལྡན་སྣོད་ངན་བྱེ་བྲག་གིས།། འབྲས་བུ་བསྟན་པ་བཤད་དུ་གསོལ།། ཀུན་རིག་རྒྱལ་པོས་བཀ
5a4 སྩལ་པ།། ཁྱོད་ཀྱིས་ཞུས་པ་ངས་བཤད་དོ།། ང་ཡིས་ཡེ་ཤེས་ལྷན་གྲུབ་པ།། རེ་ཤིག་མོས་པ་དྲང་བའི་ཕྱིར།། སྤྱིའི་མཚན་ཉིད་བསྟན་པའི་ཕྱིར།། བརྡ་ཙམ་མཚོན་ནས་ཞེན་གྲོལ་བའི།། རང་དོན་སེམས་ཀྱི་མོས་པ་ཡིས།། །
5a5 ཐེག་པ་ཀུན་ལ་ཐོས་བསམ་གནས།། དབེན་པའི་དགོན་པར་གང་བསྒོམས་པ།། རང་སེམས་ཆུ་རྒོད་སྟོང་ཁམས་ཡན།། མངལ་གྱི་སྒྲིབ་གཡོགས་ཁང་སྟོང་བསྲུང་།། བཅོས་མའི་སྤྱོད་པ་སུ་སྒོམ་པ།། འབྲས་བུ་སངས་རྒྱས
5a6 ཐོབ་འདོད་པ།། ཞེ་འདོད་ཡོད་ཕྱིར་འཁོར་བའི་རྒྱུ།། སྣང་བ་སེམསུ་བྱས་པའི་ཕྱིར།། འབྲས་བུ་ཡེ་ཤེས་འབྱུང་མི་སྲིད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་འདས་ཚིག་ཏུ་བརྗོད་དཀའ་བས།། ཆོས་སྐུ་ན་མཁའ་ལྟ
5a7 བུ་དེས།། ཀུན་ལ་གནས་ཀྱང་རྟོགས་པར་དཀའ།། ཨུ་དུམ་ཝ་རའི་མེ་ཏོག་བཞིན།། རྒྱ་ལམ་ཡང་ན་རེས་འགའ་ཞིག། འབྱུང་སྲིད་ཀུན་གྱི་ཐུན་མོང་མིན།། དོན་འདི་ཁྱོད་ལ་བཤད་ཀྱིས་ཉོན།། བླ་མ་རྡོ་རྗེ་སློབ་དཔོན་ལ།
iiif viewer powered by OpenSeadragon
4b - 5b