e-texts navigator
Collection
Volume
Page
Wylie

4b1 བར་ངས་བཤད་ཀྱིས།། ལེགས་པར་བཤད་ཀྱིས་ཡིད་ལ་ཟུང་།། གོལ་ས་ཆོད་པའི་ལྟ་བ་ཡིས།། གདེང་དུ་གོ་འགྱུར་རྣལ་འབྱོར་པས།། ཆེད་དུ་མི་སྒོམ་རང་ཡན་ཏེ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས།། དག།
4b2 པོ་རང་ཡན་བཏང་ལ་བྱུང་།། མ་སྒོས་ཡིས་ཤུགས་ལས་ཤར།། གོལ་མེད་ཡིས་མི་འགྱུར་ཆོས་ཉིད་ཀློང་།། ཐུགས་ཀྱི་འོད་ཟེར་སྟོང་གི་ཆ།། ཕྱོགས་བཅུ་ཀུན་ཏུ་རབ་སྤྲོས་པས།། འཁོར་རྣམས་སེ་ས་ལ་དོན་ཤར་ནས།།
4b3 ཞི་གནས་ལ་ནི་ལྷག་མཐོང་དུ།། རྡུལ་ཙམ་དུ་ཡང་མ་སྒོམས་པར།། ཕྲ་མོ་ཆ་ཙམ་རྟོགས་འགྱུར་ནས།། དགའ་བའི་ཡིད་ཀྱིས་དོན་སྟོད་པ།། འཁོར་བའི་ནད་འབྱིན་སྨན་པའི་མཆོག། རབ་མེད་སྒྲོལ་བ་ཆོས་ཀྱི་སྐུ།།
4b4 འཇིགས་སར་བསྟེན་པ་ཡཾས་མཁར།། དྲི་མེད་བྱམས་པ་ཕ་མ་དང་།། འདྲེན་མཛད་ཁྱོད་ལ་ཕྱག་འཚལོ།། དེད་དཔོན་ཀུན་བཟང་ཆོས་ཀྱི་སྐུ།། འཁོར་བ་མིང་མེད་ལམ་སྟོན་པར།། རང་རིག་ཡོས་བྱང་ཆུབ་ཀློང་།།
4b5 ཡིས་སྐུ་ལ་ཡིད་ཀྱིས་བསྟོད།། ནམ་མཁའ་ལྟ་བུར་དང་བ་ཡིས།། ཁྱབ་གསལ་རབ་བརྗིད་སྐུར་སྟོན་ཅིང་།། མཁས་པ་རྒྱ་ཆེ་ཤིན་ཏུ་གསལ།། ཨེ་མ་སངས་རྒྱས་བཅོམ་ལྡན་འདས།། ཤེས་རབ་གཏིང་ཕྱིན་གཡོས་པ་མེད།། རྒྱུན་ནི།
4b6 འཆད་ལ་ཕྱག་འཚལོ།། མ་བརྩལ་བདུད་རྣམས་འདུལ་མཛད་པ།། སྟོབས་ལྡན་དཔའ་བོ་ཆེན་པོ་ཆེ།། ཡོན་ཏན་འཕྲིན་ལས་རྫོགས་མཛད་པ།། ཅི་བས་མ་འགྲུབ་ལ་ཕྱག་འཚལོ།། ད་ནི་ཁྱོད་ཀྱི་འབངསུ་མཆི།། དཔའ་བོ་ཆེན་པོ
4b7 བདག་ལ་དགོངས།། བཀའ་ལས་མི་འདའ་ཡིད་ཀྱིས་ཟུང་།། ལྟ་བའི་ཡང་སྙིང་བཤད་དུ་གསོལ།། དེ་སྐད་གསོལ་བའི་དོན་གསན་ནས།། བཅོམ་ལྡན་ངོ་བོ་ཉིད་ཆེན་དེ།། གདོད་ནས་འབྲལ་མེད་ཏིང་འཛིན་ལ།། བདེ་བར་བཞུགས་ནས




iiif viewer powered by OpenSeadragon

4a - 5a

Texts on this page

Gbr008.1 - rdzogs pa chen po lta ba'i yang snying / sangs rgyas thams cad kyi dgongs pa / nam mkha' klong yangs kyi rgyud