| | e-texts navigator
|
3b1 ཇི་ལྟ་བར།། མ་ནོར་མ་བཅོས་སྙིང་པོའི་དོན།། འཁྲུལ་པའི་བློ་ཡིས་རྟོགས་པའི་ཐབས།། འཁོར་འདས་མ་རིག་ལྷག་མཐོང་དོན།། དུས་འདིར་བདག་ལ་བཤད་དུ་གསོལ།། རང་བྱུང་ངོ་བོ་ཉིད་སྐུ་དེས།། དོན་རིག་ཐུགས་ཀྱི
3b2 བཤད་དུ་གསོལ།། སངྱས་ཆོས་ཉིད་ཇི་ལྟ་བར།། འཁོར་འདས་མ་རེག་སྙིང་པོའི་དོན།། ཡང་མེས་ང་ཡིས་དོན་བཤད་དུ།། རྫོགས་ཆེན་སྐྱེ་མེད་དོན་ཟབ་ཀྱང་།། མ་རྟོགས་པ་ལ་སྡིགས་མོར་ཆེ།། ནོར་དུ་རིན་ཆེན་རྙེད་དཀའ
3b3 བཞིན།། ཕྱི་མ་དོན་གྱི་མི་ངན་རྣམས།། དར་དྲག་དང་ཐུང་ཚོར་རྐྱེན་ལ།། བཀའ་ཡིས་དོན་ལ་ཡིད་མ་ཆེས།། གཞུང་མང་སྤྲིན་ཚིག་རྟོག་པ་ཟ།། བྱང་ཆུབ་པས་ནི་ཁེ་གྲགས་བསྒྲུབ།། ལེ་ལོ་ཆེ་ལ་གྲུབ་རྟགས་མེད།།
3b4 འཇུག་པ་བརྩོན་ལ་འདོར་བ་རྐྱེན།། ངེས་པའི་དོན་ལ་གལ་ཆེན་འཇུག། བདེན་པའི་ཚིག་ལ་སྒྲོ་བསྐུར་འདོགས།། ཚིག་ཏུ་ཞི་བ་ལ་དོན་དུ་རྩིང་།། ཐོས་བསམ་པས་ནི་ངོམས་པ་རིངས།། ཤེས་ནས་མི་སྒྲུབ་ཡལ་བར་འདོར
3b5 གོང་འོག་བཞུང་ནི་བསྲེས་ཏེ་གློད།། བཀའ་མིན་མི་ཆོས་དོན་དུ་བྱེད།། མན་ངག་ཟབ་མོ་ཟོང་དུ་འཚོང་།། ཚིག་ཉུང་ཟབ་མོ་དོན་ཕྱིན་ལ།། ཤ་འཐངས་མི་ཕྱེད་པོ་མས་ཞེས་སྨྲ།། གདམ་ངག་བློ་ཆུད་མི་གསོན་པར།། དོན་ཉིད
3b6 རྟོགས་པར་བྱེད་པ་ལ།། ཡིད་ཆེས་མེད་པར་རིག་པས་འཇུག། མང་པོ་བཤད་ཀྱང་དོན་མེད་ལ།། མཁས་པ་ཡིན་ཞེས་ཡོན་ཏན་བརྗོད།། བླ་མ་སྨོད་པའི་གང་ཟག་ལ།། ཁོ་བདེན་ཟེར་ཞིང་རྗེ་སུ་འཇུག། གསང་བའི་མ
3b7 ངག་མགོ་བར།། སློབ་བུ་མ་བྱས་སློབ་དཔོན་རིངས།། ཁུངས་ནས་རྒྱུད་པའི་མན་ངག་ལ།། མ་ནོར་ཡིན་པར་མི་རྩི་བར།། རང་བཟོ་ཁ་ཚབས་བསྲེས་པ་ལ།། ཡིད་ཆེས་བྱེད་ཅིང་དེ་པར་འཛིན།། ལྟ་དམན་རྣཾས་ཀྱི་ངོ
iiif viewer powered by OpenSeadragon
3a - 4a