e-texts navigator
Collection
Volume
Page
Wylie

3a1 གནོན།། ཡིད་བཞིན་གསུང་མཆོག་སྒྲ་སྙན་གྱིས།། ཚི་གཅིག་དོན་གོ་ཐེད་འདུས།། གསུང་ལ་ཡན་ལག་ཚངས་པའི་གསུང་།། སེང་གེ་སྒྲ་ཡིས་གསང་སྔགས་གསུངས།། ཡིས་སྙིང་པོ་རྡོ་རྗེའི་ཐུགས།།
3a2 ཉི་ཟླ་ལྟ་བུར་རབ་གསལ་བ།། འཁོར་འདས་སྤྲོས་བྲལ་ཐིག་ལེ་ཐུཊ།། ཡིས་རིག་པ་བྱིན་གྱིས་རློབས།། ཐུགས་རྗེ་ཀུན་གྱི་བདག་པོ་ཁྱོད།། སངས་རྒྱས་ཀུན་གྱིས་ཡང་མེས་པོ།། རྣལ་འབྱོར་ཀུན་གྱི་དཾ་པའི་ལམ།། བདུད་རྣམས
3a3 ཀུན་གྱི་བདུད་ཆེན་པོ།། ཡོན་ཏན་ཐད་འབྱུང་བའི་གནས།། བྱང་ཆུབ་སེཾསཾ་ཀྱི་མཛོད་ཆེན་པོ།། མ་རིག་མུན་པ་བསལ་དུ་གསོལ།། དེ་སྐད་གསོལ་བའི་དོན་གོ་ནས།། བཅོ་ལྡན་ངོ་བོ་ཉིད་སྐུ་དེས།། འཁོར་རྣམས་ལ་ནི་ཐུགས་གཟིགས
3a4 ནས་ཕྱོགས་བཅུར་ཞལ་ནི་འཛུམ་མཛད་དེ།། དཔེར་ན་ཉི་མའི་སྙིང་པོ་ལས།། འོད་ཟེར་ཀུན་ཏུ་བཀྱེ་བ་ལྟར།། ཁྱབ་པར་མཛད་ཅིང་བཀའ་སྩལ་པ།། འཁོར་འདས་མེད་པའི་གོང་རོལ་དུ།། ང་རྟོགས་ཀུན་ཏུ་བཟང་པོ་བྱ
3a5 གཞན་པས་ཅི་ནས་བློ་བསྒོམས་པས།། སངས་རྒྱས་ཉིད་ཀྱང་གདེང་མེད་གོལ།། འཕྲ་མོའི་རྣལ་འབྱོར་སྨོས་ཅི་དགོས།། དེ་སྐད་བཀའ་སྩལ་གསུངས་མ་ཐག། འཁོར་རྣས་མ་དགའ་ཡིད་འགྲོགས་ཏེ།། དོན་ལ་ཐེ་ཚོམ་ཟད་རྒྱུ
3a6 ནས་སུ་མྱ་ངན་ཡིད་ནི་ཟིན་གྱུར་པས།། འཇིག་རྟེན་ཀུན་འདུལ་རབ་ཏུ་གཡོས།། ལྷ་མི་མི་མ་ཡིན་ལ་སོགས།། ཀུན་ཀྱང་སྐྲག་ཅིང་ཡང་གྱུར།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཐུགས་ཀྱི་ཟིན་པའི་དོན་རིག་ནས།། འཁོར
3a7 རྣམས་ཞི་གནས་བསེ་གཏན་ལ།། ཞེན་པ་གསལ་བར་ཡིད་གཟིགས་ནས།། ཏིང་ངེ་འཛིན་གྱིས་དོན་གསོལ་པ།། འཇིག་རྟེན་མཁས་པ་རྫོགས་སངས་རྒྱས།། ཡིས་ཐུགས་རྗེ་ཆེན་པོ་ཡིས།། ཆོས་ཉིད་གནས་ལུགས




iiif viewer powered by OpenSeadragon

2b - 3b

Texts on this page

Gbr008.1 - rdzogs pa chen po lta ba'i yang snying / sangs rgyas thams cad kyi dgongs pa / nam mkha' klong yangs kyi rgyud