| | e-texts navigator
|
2b1 དྲེགས་པ་དམ་བཏགས་ཞལ་འཆེས་པ།། དབང་མེད་དད་པས་འདུས་པ་རྣམས།། རང་སེམས་རྟོགས་པར་འདོད་པའི་ཕྱིར།། ལུས་དང་ཡིད་ཀྱི་སེལ་མེད་པར།། ཐབས་གཅིག་རིག་པས་འཁོད་གྱུར་ཏོ།། དེ་ཚེ་སམ།
2b2 དཔའ་རྡོ་རྗེ་ཡིས།། དུས་གསུམ་བདེ་བར་གཤེགས་པ་ཡི།། ཐམས་ཅད་སྐུ་གསུང་ཐུགས་དང་ནི།། རྡོ་རྗེ་ལས་བྱུང་ཕུན་སུམ་ཚོགས།། ཀུན་རིག་རྒྱལ་པོའི་དགོངས་པ་དེ།། མངོན་པར་གཟིགས་པའི་དོན་གོ་ནས།། རྡོ་རྗེ་ཡིད
2b3 ཀྱི་དོན་བསྐུལ་བ།། འཁོར་འདས་མ་རེག་རྣལ་འབྱོར་ཐུགས།། ནམ་མཁའ་བཞིན་དུ་ཡེ་གནས་པ།། ཡེ་ཤེས་རྣམ་པར་གྲོལ་བའི་ཐུགས།། ངོ་བོ་ཉིད་ཀྱི་སྐུ་བསྐྱོད་ནས།། ཐུགས་དེ་དབང་གིས་བཞེངས་སུ་གསོལ།། དེ་སྐད་བསྐུ
2b4 བ་མཁྱེན་གྱུར་ནས།། ངོ་བོ་ཉིད་ལས་ཆོས་སྐུར་བཞེངས།། གཟུགས་སྐུ་རོལ་པའི་མཛད་སྤྱོད་ཀྱི།། འོད་ཟེར་སྤྲོས་པས་ན་མཁའ་ཁྱབ།། ཐ~ཾད་ཀུན་ཏུ་སྣང་མཛད་པས།། འཁོར་རྣམས་ངོ་མཚར་དུ་གྱུར་ནས།། རྩེ་གཅིག
2b5 ལུས་ངག་ཡིད་ཀྱིས་ཀྱང་།། རྣལ་འབྱོར་ཚོགས་ཀྱི་ཕྱག་འཚལ་ནས།། བདེན་པའི་ཡིད་ཀྱིས་ཡང་བསྐལ་བ།། འཁོར་འདས་རྩ་བ་ཐུགས་ཀྱི་དབྱིངས།། ཤེས་རབ་ཆེན་པོ་མངའ་བརྙེས་པའི།། སྤྲུལ་པ་གྲངས་མེད་འབྱུང་བའི
2b6 གནས།། ཆོས་སྐུས་བདེ་བར་འགྲོ་དོན་མཛད།། དེ་དོན་བསྐུལ་བ་ཐུགས་ཆུང་ནས།། འཁོར་འདས་མ་རེག་དོན་ཆེན་ལ།། འབྲེལ་མེད་དགོངས་པ་མཉམ་བཞུགས་ཏེ།། ཅང་མི་གསུང་བར་ལྷུན་གྱིས་ཞུགས།། དེ་ནས་བླ་གྲོས་དེ
2b7 པ་དེས།། ཅང་མི་གསུང་བར་ངོ་མཚར་ཏེ།། དཔའ་བོ་མགོན་ལ་ཡང་ཞུས་པ།། ཨེ་མ་ན་མཁའ་ལྟ་བུ་ཡི།། སྐུ་མཆོག་ཁྱབ་པའི་བྱིན་བརླབས་ཀྱིས།། ཐོགས་མེད་རོལ་པའི་ཆོ་འཕྲུལ་གྱིས།། གཟི་བྱིན་བདུད་དཔུང་ཟིལ་གྱི
iiif viewer powered by OpenSeadragon
2a - 3a