| | e-texts navigator
|
3a1 ཙབསྒོམ་པ་ཡང་དོན་མེད་དེ།། སྤངས་པའི་མ་སྤངས་པ།། ཉོན་མོངས་ཤེས་བྱ་ན་མཁའ་ཆེ།། འགོག་པའི་སྙོམས་པར་འཇུག་པ་དང་།། དགྲ་བཅོམ་པ་ཉིད་ཐར་པར
3a2 འདོད།། སེམས་ཅན་འཆིང་བར་བྱ་བའི་ཕྱིར།། ཉོན་མོངས་པ་རྣམས་འཁོར་བ་ཡིན།། དེ་ལྟར་གང་ཞིག་ལྟ་དམན་པའི།། གྲུབ་མཐའ་སྲིད་པའི་བཅིངས་སྟེར་བ།། དེ་ལ་དེ་ལྟར་དེ་ཁོ་ན།།
3a3 མདོར་བསྡུས་པས་ནི་བཤད་པར་བྱ།། ཉོན་མོངས་དགྲ་བཅོམ་པ་ཉིད་ཅིག། བཅིངས་དང་ཐར་པ་ཅིག་ཡིན་ཏེ།། ཁྱབ་བྱེད་སེལ་བྱ་མིན་པའི་ཕྱིར།། གཉིས་པོ་དེ་དག་མཁས་པས་མཚུངས།།
3a4 ནམཱ་ཁ་ན་མཁའ་དང་སྦྱོར་བ།། ཐམས་ཅད་ན་མཁའ་ནཱ་མཁའ་ཆེ།། ས་དང་ཆུ་དང་མེ་དང་རླུང་།། ཕུང་པོ་ལྔ་དང་དབང་པོ་དྲུག། གཟུགས་ལ་སོགས་པ་ཡུལ་ཚོགས་ནི།། ཟད་ན་མཁའ
3a5 བཞིན་དུ་སྨིན།། ཁྱབ་བློ་དང་ནི་ཁྱབ་བྱེང་བྲོ།། ན་མཁའ་ཡི་ནི་ངོ་བོ་ཉིད།། སངས་རྒྱས་མ་ཐོབ་པ་ཉིད་མེད།། འགྲོ་བ་དེ་ཉིད་ལ་ནི་གནས།། སྒོམ་པ་དོན་མེད་པ་ཉིད་དེ།། དེ་ནི་འབའ་ཞིག
3a6 ངལ་བ་ཡིན།། དེ་ཕྱིར་ཆོས་རྣམས་མཁའ་དང་མཚུངས།། ནམཁའ་ཡང་ནི་ཡེས་མཆོག། ཡིས་ན་མཁའ་ཕན་མུན་ནི།། དོན་དམ་པར་ནི་དབྱེར་མེད་པའོ།། སྲོག་གི་འབྱུང་བ་ཞེས་བྱ་བའི་རྒྱུད་ཆེན།
iiif viewer powered by OpenSeadragon
2b - 3b