| | e-texts navigator
|
63b1 ལ་བཅངས་ན་ཡིངས་བྲལ་གྱི་རང་ལ་རྒྱུན་དུ་གནས་པའོ།། སྣོད་ངན་མི་བསྟན་པར་ཅེས་པར་གྱིས་ཅེས་གདམས་པ་བརྗོད་པའོ།། སྙིག་མའི་དུསུ་འབྱུང་བར་བསྟན་པ་ནི། ལན་ཅིག་ཅེས་པ་ནི་ཤིན་ཏུ་སྐོན་པའི་ཚང་ངོ་།། དུས་ནམ་འབྱུང
63b2 ན། སྙིག་མའི་དུས་ཅེས་པ།། དུས་ཀྱི་སྙིགས་མ་ནི་ལྔ་རྒྱ་ཐ་མི་དངས་།། སེན་གྱི་སྙིགས་མ་ནི་བསོད་ནམས་ཆུང་བ་དང་ལྟརོ།། ཚེའི་སྙིགས་མ་ནི་དེ་སད་ནས་ལོ་བཅུའི་བ་རོ།། ལས་ཀྱི་སྙིགས་མ་ནི་མི་དགེ་བ་གཅིག་སུ་ལ་གནས་པ།
63b3 ཉོན་མོངས་པའི་སྙིགས་མ་ནི་སྐྱེ་བླ་ཡལ་ཀ་རགས་པའོ།། ལྔ་པོ་དེ་ཚེ་ལོ་བརྒྱད་ཁྲི་ལ་སོགས་པ་དངས་རྣམས་ཐལ་ནས་དེ་སང་གི་དུསོ།། ཉི་ཟླ་བཞིན་དུ་དར་ཅིང་རྒྱུས་ཅེས་པ། ཉི་ཟླ་གཉིས་གླིང་གཞི་ལ་སྙོམས་པར་འོང་རྒྱས་པ་བཞིན
63b4 དུ་སྙིགས་མའི་དུས་ཀྱི་ཤེས་རབ་མཆོག་ཏུ་གྱུར་པ་ལ་དད་མོས་འཇུག་ཉམ་སུ་བླང་བརྩོན་འགྲུས་ཀྱིས་བསྒྲུབ་པ་ཐོབ་འང་མང་དུ་བྱུང་བར་སྟོན་པའོ་ལུང་དང་སློབ་དཔོན་པདྨའི་བསྟན་ཆོས་ལ་སོགས་པར་མང་ངོ་ཅེས་པ། ཆོས་ཉིད་བྱང
63b5 ཆུབ་ཀྱིས་སེམས་རང་རིག་པ་ཉིད་ལ་གཏན་ལ་འབེབས་ཏེ་ཡུལ་བྲལ་གྱི་དོན་རྟོགས་པའི་ཤེས་རབ་མཆོག་དང་ལྡན་པ་དང་། རྡོ་རྗེ་སློབ་དཔོན་མགོ་རྟག་ཏུ་མི་འབྲལ་བ་བཞིན་དུ་སྤྱི་གཙུག་ནུ་བཞུགས་པ་ལ་ནི་མི་འབྲལ་བ་ཞེས་བྱ་སྟེ
63b6 མོས་གུས་རྒྱུན་མི་ཆད་པ་དང་། རྒྱུད་ལ་ཤིན་དུ་མོས་པས་ཅེས་པ། ཚིག་དོན་གཉིས་ལ་ཤིན་དུ་མོས་པ་ནི་རྟོགས་པ་དང་གུས་པ་མཆོག་ཏུ་གྱུར་པའོ།། དེ་ནི་བསྐལ་པ་དང་ལྡན་པའི་རྟགས་ཡིན་པས་རྟེན་དེ་ལྟ་བུ་ལ། མ་ཐུགས། གསུམ
iiif viewer powered by OpenSeadragon
63a - 64a