e-texts navigator
Collection
Volume
Page
Wylie

55b1 དམིགས་པ་ལ་ནི་ཅི་ལྟར་སོང་ཅེས་བྱའོ།། ཉག་ནི་ཕྲལ་བས་ཅེས་པ། སྔོས་གཞི་ཐཾད་དང་བྲལ་བས་འདི་ལྟ་བུའི་ཞེས་ངོས་གཟུང་དུ་མི་རྙེད་སྟེ། འདུ་ཤེས་ཐད་དང་བྲལ་བས་སྐལ་མེད་ནི་ལུས་ཨ་ནུ་ཡོ་ག་མས་ཆོད་ཀྱི་སྤྱོད་ཡུལ་མིན་པའོ།།
55b2 གོ་ལས་དག་པ་དཔེས་བསྟན་པ་ནི། མི་ལྟ་མི་བསྒོམ་ཅེས་པ་ལ་སོགས་ཏེ། ཀུན་གཞི་དགོངས་པའི་མཐིལ་དུ་ཕེབས་པའི་རྣལ་འབྱོར་པས་ལྟས་བྱས་ལྟ་བྱེད་ཀྱི་ཕྱོགས་འཛིན་མེད་པས་མི་བལྟའོ། བསྒོམ་བྱ་བསྒོམ་བྱེད་ཀྱི་དམིགས།
55b3 གཏང་མེད་པས་མི་བསྒོམ། སྤྱོད་བྱ་སྤྱོད་བྱེད་ཀྱི་ཞེ་འདོད་མེད་པས་མི་སྤྱོད།། ལྷ་སྒོམ་སྤྱོད་པས་གསུམ་དབྱེར་མེད་པའི་དགོངས་པའི་ཐིལ་དུ་ཕེབས་ན། འོག་མི་ཅེས་པ། ཨ་ནུ་མས་ཆོས་ཀྱི་ཐེག་པ་བརྒྱད་པོ་ལྟ་སྤྱོད་དགོན་པ
55b4 རྣམསུ་གོལ་བར་མི་འགྱུར་ཏེ། ཕྱོགས་འཛིན་མེད་པས་གོལ་བའི་གཞག་གི་དག་པའོ།། དེའི་དཔེ་ནི། གར་ཡང་མི་འགྲོ་འདུག་པའི་མིག་དང་འདྲ། ཅེས་པ། ཕྱོགས་གར་ཡང་འགྲོ་བའོ།། རྩོལ་བ་མེད་ནས་འདུག་པའི་མི་ནི།
55b5 དགྲ་དང་གཅན་ཟན་མཚོན་དང་མེ་དང་ཆུ་དང་གཱ་ཡང་ཀ་ལ་སོགས་པའི་དོན་ནས་རྩ་བ་མེད་ལ་ཉེས་ལ་ལ་དེ་དག་དང་ཕྲད་པ་དགོ་བའང་མེད་པའོ།། དེས་མི་མཐུན་པ་དག་པ་ནི།། མཉམ་པའི་ཚུལ་གྱིས་བདུད་རྣམ་ཅི
55b6 ལྟར་འདུལ་ཅེས་པ། འཁོར་མཉམ་པ་ཉིད་ཀུན་གཞིའི་དོར་རིག་པ་ལ་གསལ་བའོ།། ཚུལ་ནི་འཇུག་པ་ཉམ་སུ་ལེན་པ་སྟེ་ལམ་པ་དངོས་སོ།། དེས་བདུད་རྣམས་ཅི་ལྟར་འདུལ་ནི། ལམ་གྱི་གྲི་ཚོད་ཀྱི་བདུད་རྣམ




iiif viewer powered by OpenSeadragon

55a - 56a

Texts on this page

Gbr007.3 - rdzogs chen gsang ba'i sgron me'i rgyud 'grel chen mo