e-texts navigator
Collection
Volume
Page
Wylie

1b1 དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། རང་བྱུང་ཀློང་ཤར་མ་འགགས་སྐུ་གསུང་ཐུགས།། རང་སྣང་ཀུན་བཟང་རིན་ཆེན་གླིང་བཞིན།། སེམས་ཉིད་སྐྱེ་མེད་རང་རིག་འོད
1b2 གསལ་བ།། སྟོན་པ་གཉིས་ལ་རབ་ཏུ་མོས་པས་འདུད།། མཆོག་གི་གདུལ་བྱའི་དོན་རྣམས་ཐེག་པའི་རྩེ།། དབང་པོའི་བྱེ་བྲག་རྣམས་ཀྱི་དོན་མཐུན་དུ། ཁ་ལྟར་མ་ཤོར་ཉམ་ལེན་རིམ་པ་རྣམས།།
1b3 མུན་སེལ་སྒྲོན་མེ་ལམ་པའི་དོན་མཐུན་དབྱེ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ།། ལུང་ཐམས་ཅད་ཀྱི་སྤྱི་རྗེ། མན་ངག་ཐམས་ཅད་ཀྱི་ཉི་ཀུ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། དགོངས་པ་ཐམས་ཀྱི་ཞེ་ཕུག
1b4 དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་མ་ནོར་བའི་གསང་བ། བཀའ་རྫོགས་པ་ཆེན་པོ་འདི་ལ། རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་དང་། ཡན་ལག་གི




iiif viewer powered by OpenSeadragon

1a - 2a

Texts on this page

Gbr007.3 - rdzogs chen gsang ba'i sgron me'i rgyud 'grel chen mo