| | e-texts navigator
|
51a1 སྒྱུར་མ།། སྟོབས་བྲལ་སྟོབ་མཆོག་མི་ལྡན་པར།། ཡང་དག་མཁྱེན་པས་སྟོབས་པོ་ཆེ།། མི་འཛིན་སྟོང་པ་སྡུག་བསྔལ་དག། ཆོས་སྐུ་བདེ་བ་ཆེན་པོ་ཡང་།། བསགསགས་པ་མེད་ན་རང་བྱུང་སྐུ།། པདྨ་དག་པས་སྣང་།
51a2 བ་མེད།། མི་སྣང་བའི་དོན་དེ་ལ།། བསྒོ་བ་མེད་ན་སྒོམ་པ་ཡིན།། ཤེས་པ་གང་ལ་མི་འཇུག་པ།། ཡིས་སྙིང་པོའི་ཐིག་ལེ་ཡིན།། རྒྱལ་བ་ཀུན་གྱི་གཤེགས་ཤུལ་བདེ།། བྱང་ཆུབ་ཉིད་ཀྱང་མི་སྣང་བས།། བྱང་ཆུབ་ཉིད་ཀྱང་མཐོང་བ་མིན།། ཆོས་ལ་ས་ཡི་ཆོ
51a3 གནས་པ།། འབྲས་བུའི་རྒྱུ་དང་རྒྱུའི་རྒྱུ།། མེད་དང་ཡོད་པ་གཉིས་ཀར་འབྲེལ།། དེ་ལ་མཉམ་དང་མི་མཉམ་མཉམ།། བཤད་པས་ཐོས་མེད་བྱ་བྲལ་ཆོས།། ཡང་དག་ཆོས་ལས་འབྱུང་བ་མེད།། འཁྲུལ་པའི་སངས་རྒྱས་ཆོས་ཀྱི་བྱེད།། བྱ་བའི་གནས
51a4 དང་བྱ་མ་ཡིན།། འབྱོར་འདུམས་མེད་པའི་སའི་ས།། སྙིང་པོ་དོན་ལས་ཉམས་པའོ།། འདོད་ཆགས་ཉིད་ལ་འདོད་ཆགས་ཀྱི།། མཚན་མ་ཅི་ཡང་མ་ཐོབ་ཅིང་།། འདོད་ཆན་ཉིད་ཀྱི་ཆོས་མཐོང་བ།། སྡུག་བསྔལ་ཉིད་ལ་སྡུག་བསྔལ་གྱི།། མཚན
51a5 མ་རྡུལ་ཙམ་མ་ཐོབ་ཅིང་།། སྡུག་བསྔལ་ཉིད་ཀྱི་ཆོས་མཐོང་བ།། བྱང་ཆུབ་མཆོག་ཆེན་ཀུན་གྱི་གཞི།། ཐིག་ལེ་ཙམ་མིན་ཉེ་བར་བཤད།། སེམས་ནི་ལཾ་གྱི་ངོ་བོ་ཉིད།། སེཾས་ནི་ངོ་བོ་ཉིད་མེད་པ།། བསམ་གྱིས་མི་ཁྱབ་མཐའ་ཡས་ཆོས།། རྡོ་རྗེ
51a6 མེད་ཕྱིར་ཡོད་མ་ཡིན།། རྐྱེན་ལས་སྐྱེས་ཕྱིར་མེད་མ་ཡིན།། སེམས་ཀྱི་རྟོག་པ་སྐྱེ་མེད་ཅིང་།། རྟོག་པ་དེ་ཉིད་སེཾས་ཉིད་འདྲ།། ཆོས་རྣཾས་ཀུན་གྱི་སྙིང་པོ་ནི།། རྩ་བ་མེད་པའི་རྩ་བ་ནི།། ཁ་དོག་མ་ངེས་འཇའ་མཚོན་འདྲ།། ཆེ་ཆུང་རིམ་པ་དེ
iiif viewer powered by OpenSeadragon
50b - 51b