e-texts navigator
Collection
Volume
Page
Wylie

4b1 ལ་བཞི་སྟེ། རིག་མ་ལ་མ་རྟེན་དགའ་བ་བཞི།། དེ་ནི་ཕྱིའི་གསང་བའི་དབང་།། རང་སྣང་འོད་གསལ་སྐྱེས་པ་དགའ་བ་ཡིན།། རིག་པ་ཟང་ཐལ་སྐྱེས་པས་མཆོག་དགའ་ཡིན།། གཉིས་མེད་ཡེ་ཤེས་ཟང་ཐལ་ཤར་བ།། ། ལྷན་ཅིག
4b2 སྐྱེས་པའི་དགའ་བ་ཡིན།། དབྱེར་མེད་ཐིག་ལེ་གྲོལ་བ་དགའ། བྲལ་ཆེན་པོ་ཡིན་ཅེས་གསུང་སོ།། ཚིག་གིས་དབང་ནི་རྣམ་བཞི་སྟེ།། འབྱུང་བ་ལྔ་ཡིས་ངོ་སྤྲད་པས།། རང་བྱུང་ཡིས་ཚིག་གི་མཆོག། དུག་ལྔ་དག་གི་ངོ་སྤྲད་པྲ།
4b3 རིག་པ་ཡིས་ཚིག་གི་མཆོག་ཏུ་བརྗོད།། འགྱུ་བ་མི་འགག་ཐོལ་ཐོལ་སྐྱེ་བ་ལ།། ལྷག་མཐོང་རིག་པའི་ཡེ་ཤེས་ངོ་སྤྲོད་ཤེས་ངོ་སྤྱོད་མཚོན།། ཚིག་གི་དབང་པོ་ཆོས་ཀྱི་སྤྱན་པ་སྤྱད།། བུམ་པའི་དབང་ནི་རང་སྣང་འོད་ལ་སྤྲད།།
4b4 ཐབས་དང་ཤེས་རབ་དབང་ནི་ཙཻཏྟའི་ནང་དུ་སྤྱད།། ཡེ་ཤེས་ཆེན་པོའི་དབང་ནི་ཡེ་ཤེས་སྤྱན་ལ་སྤྲང་།། ཐམས་ཅད་རང་ལ་ཡོད་པས་དབང་ཅེས་བྱ།། དེ་རྣམས་བླ་མས་སྟོན་པའི་ཚིག་ཐོབ་ནས།། རབ་ཏུ་གཅེས་པས་དབང་ཅེས་བྱ་ཅེས
4b5 གསུངས་སོ།། དབང་རང་ལ་སྤྱད་པའི་ལེའུ་སྟེ། བརྒྱད་པའོ།། ། ཡང་བཀའ་སྩལ་པ། དམ་ཚིག་བསྲུང་བ་ཞེས་བྱ་བ་མ་ནོར་མ་བཅོས་དམ་ཚིག་ཡིན།། ཤེ་རབ་ཆེན་པོ་མ་ནོར་བས།། ཐིག་ལེ་མ
4b6 བཅོས་རང་སར་གྲོལ།། དེ་ནི་དམ་ཚིག་མཉམ་མེད་ཡིན།། སྲུང་བྱ་བྱུང་ན་མཉམ་སྟེ་མཆི།། བདེ་ཆེན་ཐིག་ལེ་རྣམ་པར་དག། དེ་ནི་བསྡོམ་པ་རང་དག་ཡིན།། གཟུང་རྒྱུ་བྱུང་ན་འཆོར་བར་མཆི།། ཅེས་གསུངས་སོ།།




iiif viewer powered by OpenSeadragon

4a - 5a

Texts on this page

Gbr006.10 - thig le spros pa gcod pa'i rgyud/ gsang ba yang gter gyi rgyud