e-texts navigator
Collection
Volume
Page
Wylie

4a1 རྣམ་རྟོག་གིས་རོ་བསྲེག་པར་བྱས་ཏེ།། འཁྲུལ་པ་རྣམ་རྟོག་གི་རོ་བསྲེགས་པས།། འཁྲུལ་པའི་སྒྱུ་མ་རིག་པ་ཡེ་ཤེས་ཀྱི་ཧོམ་ཁུང་དུ།། ཤེས་རབ་ཆེན་པོས་བསྲེག་པར་བྱའོ།། རྣམ་པར་རྟོག་པས་འཁྲུལ
4a2 པའི་རྐྱེན་རང་བྱུང་ཡེ་ཤེས་མེས་ཐིག་ལེའི་ཧོམ་ཁུང་དུ་བསྲེག་ཐིག་ལེའི་ངང་དུ་སྦྱངས་པར་བྱའོ།། བསྐྱེད་རིམ་གྱི་ལྷ་ལ་ཆགས་པ།། ས་བག་ཆགས་མཚན་མའི་རོ་ཡེ་ཤེས་ཁོང་གསལ་གྱི་ཧོམ་ཁུང་དུ།། ཐབས་འགག་པ་མེད
4a3 པའི་རོ།། ཐིག་ལེ་ཀུན་ཁྱབ་ཏུ་སྲེག་བྱུང་བྱའོ།། ལྟ་བསྒོམ་སྤྱོད་པ་མཐའ་གསུམ་གྱི་རོ།། ལྟ་བ་རང་བཞིན་མེད་པར་ཆད་པའི་རོ།། བསྒོམ་པ་ཉམས་མྱོང་འདོད་པ་རྟག་པའི་རོ།། ཉམས་ལ་ཆགས་སྡང་སྐྱེས་པ་སྤྱོད་པ་དུག་ལྔའི
4a4 རོ།། ལྷག་མཐོང་རིག་པའི་ཡེ་ཤེས་ཀྱིས་ཧོམ་ཁུང་དུ།། རང་འབར་བ་ཐིག་ལེ་ཉ་གཅིག་གི་མེས་བསྲེག་པར་བྱའོ།། ཅེས་གསུང་སོ།། སྦྱངས་ས་བསྟན་པའི་ལེའུ་སྟེ་བདུན་པའོ།། ། དེ། ཡང་དབང་གིས་གདམས་དགྲ
4a5 བཀའ་སྩས་པ།། བུམ་པ་ཐབས་དང་གསང་སྔགས་དང་།། ཚིག་དབང་རྣམ་པ་བཞི་རུ་བསྟན།། བུམ་པའི་དབང་ལ་རྣམ་པ་བཞི།། སེམས་ཉིད་འོད་གསལྔ་ཕྱིའི་བུམ་པ་ཡིན།། རིག་པ་འོད་གསལ་ནང་གི་བུམ་པ་ཡིན།། ཡེ་ཤེས་འོད
4a6 གསལ་གསང་བའི་བུམ་པ་ཡིན།། ཐིག་ལེ་འོད་གསལ་དབྱེར་མེད་བུ་མ་ཡིན།། ཅེས་གསུངསོ།། ཐབས་དང་ཤེས་རབ་དབང་དུ་བསྟན་པ་ནི། རང་སྣང་ཐབ་སུ་ཤེས་ན་ཐབས་ཀྱི་དབང་།། ཅེས་གསུང་སོ།། གསང་བའི་དབང




iiif viewer powered by OpenSeadragon

3b - 4b

Texts on this page

Gbr006.10 - thig le spros pa gcod pa'i rgyud/ gsang ba yang gter gyi rgyud