| | e-texts navigator
|
2b1 མ་ལུས་གསལ་བའི་ཕྱིར།། བསམ་པའི་ཁྱད་པར་ཇི་བཞིན་དུ།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལ།། ཐེག་པ་རིམ་དགུའི་ཆོས་འཁོར་བསྟན།། བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་།། རྡོ་རྗེ་སེམས་དཔར་སྐུ་སྤྲུལ་ནས།། ཐུགས་རྗེ་ཆོས་ཀྱི་འཁོར།
2b2 ལོ་བསྐོར།། སྤྲུལ་པའི་སྐུ་ཡི་སྒོ་ནས་ནི།། དྲང་དོན་ངེས་དོན་གཉིས་སུ་བསྐོར།། རྒྱུད་ལུང་མན་ངག་གསུམ་དུ་བསྐོར།། མི་ཕྱེད་རྡོ་རྗེ་འཆང་གི་ལུང་ཡང་བསྟན།། སེམས་དཔའ་ཆེན་པོ་ངས་བཤད་ཡིན།། སེམས་ཅན་ཉོན་མོངས་སྦྱང
2b3 པའི་ཕྱིར།། བག་ཆགས་བཅས་པ་ཐམས་ཅད་ལ།། སྙིང་རྗེ་ཆེ་དང་ཤེས་རབ་ཀྱིས།། ཐབས་ཀྱི་སྒོ་ནས་བསྟན་པའོ།། ཞེས་གསུངས་སོ།། ཕྱིན་པ་གཉིས་སེམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ། ན་བཞི་པའོ།།
2b4 མི་ཕྱེད་རྡོ་རྗེ་འཆང་གིས་སྨྲས།། རྟོག་པ་ཡེ་ཤེས་འཁོར་ལོ་བསྐོར་བ་ཡང་།། དཔལ་ལྡན་སངས་རྒྱས་པདྨ་སྐྱེས།། བདག་རིག་གཞན་རིག་ཐམས་ཅད་པས།། མཆོག་གི་དང་པོ་སྐུ་གསུམ་བསྟན།། སེམས་ནི་སྤྲིན་དང་འདྲ
2b5 བློ་བུར་བས།། དབུགས་ནིན་དུན་འདྲ་ཏེ་བསྟན་མི་གནས།། ཡིད་ནི་ཟིལ་པ་འདྲ་ཏེ་ཡོང་མི་བརྗོད།། རྣམ་རྟོག་མ་མོ་འདྲ་ཉེ་བསྟན་མི་འགྲོགས།། རིག་པ་ན་མཁའ་འདྲ་སྟེ་འགྱུར་བ་མེད།། ཐུགས་རྗེ་ཉི་མ་འདྲ་སྟེ་ཡོངས་ལ་ཁྱབ།
2b6 ཁྱབ་པས་མ་ཕན་མཐོང་བ་ལོག། སྣང་བ་ལོག་པ་འཛིན་པ་ལྟས།། སྣང་འཛིན་གཉིས་ཀྱི་ཁ་ན་ཉི་མ་གནས།། ཉི་མ་རྒྱ་ཆང་ཕྱོགས་ལྷུང་མེད་པ་ལ།། སྟ་སྟངས་སོ་སོར་ཕྱེ་བ་ཡིན།། རྒྱ་ཆང་ཕྱོགས་ལུང་དེ་ནས་བྱུང་།
iiif viewer powered by OpenSeadragon
2a - 3a