| | e-texts navigator
|
2a1 དེ་ནས་ཞུས་པ། ཐུགས་རྗེ་རིམ་པ་ཇི་ལྟར་ལགས།། ཞེས་ཞུས་པས།། གྱི་ནང་གསང་བ་གསུམ་དུ་བྱུང་།། ཡང་གསང་དོན་ལ་འབྱུང་འགག་མེད།། ཅེས་གསུང་སོ།། དེ་ཡང་སངས་རྒྱས
2a2 པར་བསྟན་དུ་གསོལ།། ཞེས་ཞུས་པས། བཀའ་བཀའ་སྩལ་པ།། ཕྱི་ཡི་ཐུགས་རྗེ་ཆོས་འཁོར་དང་།། ནང་གི་ཐུགས་རྗེའི་ཆོས་འཁོར་དང་།། གསང་བའི་ཐུགས་རྗེའི་ཆོས་འཁོར་རོ།། ཡང་གསང་ཐུགས་རྗེའི་བྱིན་བརླབས
2a3 སོ།། ཞེས་གསུང་སོ།། གླེང་བསླང་བའི་ལེའུ་སྟེ། གཉིས་པའོ།། ། མི་བྱེད་རྡོ་རྗེ་འཆང་གིས་སྐུས།། ཕྱི་ཡི་ཐུགས་རྗེ་བསྟན་པ་ནི།། ཕྱིའི་སྐུ་གསུང་བསྟན་པར་བྱ།། འབྱུང་བ་ལྔ་པོར་སྤྲུལ་ནས
2a4 ནི།། སེམས་ཅན་རྣམས་ལ་སྣང་བར་ནུས།། སྤྲུལ་པའི་སྐུ་ཡི་ངོ་བོར་བསྟན།། ལོངས་སྤྱོད་མ་འགག་རོལ་པར་ཤར།། ལོངས་སྤྱོད་རྫོགས་སྐུ་དངོས་སུ་བསྟན།། དངོས་པོ་ཆོས་སྐུ་སྐྱེ་འཇིགས་མེད།། ཚེ་སྐུའི
2a5 ཐུགས་རྗེ་བསྟན་པ་ཡིན།། འགྲོ་བ་རིགས་དྲུག་སྣང་བ་ལ།། ཉོན་མོང་བརྒྱད་ཁྲི་བནི་སྟོང་དང་།། རྟོག་པ་སུམ་རྒྱ་དྲུག་བཅུར་འཁྲུལ།། རྔུབ་པ་དྲུག་གིས་ཆོས་འཁོར་བསྐོར།། ཉོན་མོངས་ལས་རྣམས་དག་པར་བྱས
2a6 སྤྲུལ་པའི་སྐུ་རུ་བསྟན་པ་ཡིན།། ཞེས་གསུངས་སོ།། ཕྱི་ཐུགས་རྗེ་ཆོས་ཀྱི་འཁོར་ལོའི་ལེའུ་སྟེ། གསུམ་པའོ།། ། མི་འཕྱེད་རྡོ་རྗེ་འཆང་གི་སྐུས།། ནང་གི་ཆོས་ཀྱི་འཁོར་ལོ་བསྐོར།། ཉོན་མོངས
iiif viewer powered by OpenSeadragon
1b - 2b