e-texts navigator
Collection
Volume
Page
Wylie

6b1 རྡོ་རྗེ་སེམས་དཔས་ཡང་ཞུས་པ།། རྣམ་རྟོག་འཛིན་པའི་འཁྲུལ་པ་ལ།། གཉེན་པོས་སྒོམ་དུ་ཡོད་མེད་ཞུས།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། རྣམ་རྟོག་གཉེན་པོར་མི་རྟོག་སྒོམ།། མི་རྟོགས་འདོད་ན་རྟོག་པ
6b2 པོཔ་ཡིན།། འཛིན་པའི་ཞེན་པ་གྲོལ་ནས་གཉེན་པོས་སྒོམ་དུ་མེད།། ཚེ་གཅིག་བྱང་ཆུབ་ཐོབ་ན་རྒྱུ་འབྲས་བ་ཙལ་དུ་མེད།། སེམས་ནི་དོན་དམ་ལམ་ཡིན་པས།། བྱ་ལམ་ན་མཁའ་རྗེས་མེད་འདྲ།། མི་གཡོ་རྒྱུན་ཏུ་གྲང་གནས
6b3 རང་བྱུང་བཙལ་མེད་དོན་ཆེན་པོ།། ནམ་དག་དོན་འདི་མ་རྟོགས་ན།། རྩོལ་བསྒྲུབ་འཛིན་པ་ཅི་སྤྱད་ཀྱང་།། འཁྲུལ་པ་བློ་ལ་ཞེན་པ་ཡིས།། ཇི་བཞིན་ན་མཁའི་རང་བཞིན་ལ།། མ་འོངས་རང་ཁོ་ནར་ཟད།། རྣམ་རྟོག་རིག
6b4 པའི་རྒྱལ་པོ་ལ།། སྒོ་སྐུར་སྤྲོས་པ་གཉིས་མི་མངའ།། ཞེན་པ་རང་གྲོལ་ཉིད་ཀྱིས་གྲུབ།། གང་ཞིག་སེམས་ལ་རྟོགས་མེད་ན།། དུས་གསུམ་པ་ཡི་བཀའ་དང་འཐུན།། རང་བྱུང་རང་རྩལ་མི་དམིགས་ན།། སེམས
6b5 ཉིད་དངོས་པོར་མ་གྲུབ་པས།། རང་བྱུང་ངོ་བོར་རྟོགས་པའོ།། ཅེས་གསུངསོ།། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་ལས།། ཡིན་ཚུལ་བསྟན་པའི་ལེའུ་སྟེ་དགུ་པའོ།། ། རིག་པའི་རྒྱལ་པོས
6b6 རྡོ་རྗེ་སེམས་དཔའ་ལ་རྒྱུ་འབྲས་ལ་ཟླ་བའི་དོན་འདི་གསུངས་པ།། བདག་ཏུ་ཉེས་བཟུང་འདོད་པ་སྤང་།། སེམས་ལ་བདག་མེད་འཁྲུལ་པས་བསྒྲིབས།། ཕྲ་རབ་རྡུལ་དུ་མཐོང་བ་ཡང་།། སེམས་ལ་རྡུལ་མེད་ཕྱིན་ཅི་ལོག




iiif viewer powered by OpenSeadragon

6a - 7a

Texts on this page

Gbr006.5 - ye shes 'khor lo gsang ba snying po don gyi rgyud