e-texts navigator
Collection
Volume
Page
Wylie

5b1 ལེ་ཉག་གཅིག་ལ།། ཡོན་ཏན་སྣང་ཚུལ་བཞི་རུ་སྣང་།། འགྲོ་བ་རིག་དྲུག་སྣང་ཚུལ་ལ།། རྒྱུ་འབྲས་བློ་ཡི་སྣང་ཚུལ་དང་།། རྟོག་པ་དོན་གྱིས་སྣང་ཚུལ་དང་།། ཀུན་བཟང་ང་ཡི་སྣང་བའོ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། རྫོགས།།
5b2 ཆེན་ཐིག་ལེ་ཉག་གཅིག་ལ།། ཡོན་ཏན་རྫོགས་ཚུལ་བསྟན་དུ་གསོལ།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། སྣ་ཚོགས་མ་སྤངས་པ་ཡི་ངང་དུ་རྫོགས།། ཆགས་ཞེན་མེད་པ་ང་ཡི་ངང་དུ་རྫོགས།། འཁོར་བ་མ་སྤངས་ང་ཡི་ངང་དུ།
5b3 རྫོགས། དོག་པ་མེད་པས་ང་ལས་འདས་པ་མེད།། རྒྱུ་འབྲས་མ་སྤངས་པའི་ངང་དུ་རྫོགས།། རྟོག་པ་མེད་པས་པ་ལས་འདས་པ་མེད།། ཅེས་བཀའ་སྩལ་ཏོ།། ཡང་ཞུས་པ། རྫོགས་ཆན་ཐིག་ལེ་ཉག་གཅིག་ལ།། མཚན
5b4 གྱི་རྣམ་གྲངས་ཇི་ལྟར་ལགས།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། དེ་བཞིན་ཉིད་དུ་རྫོགས་པའི་རྫོགས་ཆེན་དང་།། ལྟ་བ་ཡོངས་སུ་རྫོགས་པའི་རྫོགས་ཆེན་དང་།། རིག་པ་ཡོངས་སུ་རྫོགས་པའི་རྫོགས་ཆེན་ནོ།།
5b5 ཅེས་གསུངསོ།། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་ལས། ཡོན་ཏན་སྣངས་ཚུལ་གྱི་ལེའུ་སྟེ་བདུན་པའོ།། @།། དེ་ནས་རྡོ་རྗེ་སེམས་དཔས། རིག་པའི་རྒྱལ་བ་ལ་འདི་སྐད་ཅེས་གསོལ་ཏོ།། རང་སྣང་རྣམ
5b6 དག་རྒྱལ་པོ་ཁྱོད།། མི་འགྱུར་སྐུའི་བདག་ཉིད་ཅན།། མི་འགག་གསུང་གི་རོལ་པར་ཤར།། མི་རྟོག་ཐུགས་ཀྱི་ངོ་བོར་ཤར།། སྐུ་གསུང་ཐུགས་ལྡན་ཐུགས་རྗེའི་བདག། མོས་པའི་འཁོར་ཚོགས་འདུས་པ་ལ།། གསང་བའི




iiif viewer powered by OpenSeadragon

5a - 6a

Texts on this page

Gbr006.5 - ye shes 'khor lo gsang ba snying po don gyi rgyud