e-texts navigator
Collection
Volume
Page
Wylie

5a1 དེ་ནས་རིག་པའི་རྒྱལ་པོ་ཡིས།། རྣམ་དག་ཞེན་མེད་ཀྱི་སྤྱོད་པ་འདི་གསུངསོ།། ནམ་མཁའ་རྡོ་རྗེའི་སྤྱོད་པ་འདི།། སྤྱད་བཞིན་མ་ཆགས་སྤྱོད་པ་ཡིན།། རང་བཞིན་ཡེ་ཤེས་སྤྱོད་པ་ལ།། སྒོ་གསུམ་བག
5a2 ལྷུག་པ་ཉིད།། སྤྱོད་པ་བླང་དོར་གཉིས་མེད་དང་།། པདྨ་འདམ་ན་གནས་བཞིན་དུ།། འདམ་གྱིས་སྐྱོན་གྱིས་གོས་པ་མེད།། སྣ་ཚོགས་སྣང་བར་སྤྱོད་མོད་ཀྱང་།། སྣང་བའི་སྐྱོན་གྱིས་གོས་པ་མེད།། རྩོལ་མེད་རང་གནས་རྟོ
5a3 པའི་ཀློངས།། རྒྱུ་འབྲས་ལྟོས་པས་རྩོལ་བ་མེད།། ཉི་མའི་འོད་ལྟར་ཀུན་ལ་ཁྱབ།། ཁྱབ་བརྡལ་ལྷུན་གྲུབ་ཡེ་བརྡལ་ལ།། ཞེན་མེད་ཚུལ་གྱིས་འཇུག་པ་མེད།། ཀུན་གསལ་ཆོས་ཉིད་དོན་རྟོགས་པས།། སྣ་རྒྱུད་སྒྲ་ལ
5a4 རག་མ་ལུས།། སྐུ་གསུམ་རྟོགས་པའི་དོན་ལྡན་ན།། ཐུགས་རྗེ་རིན་ཆེན་བཞིན་དུ་འབྱུང་།། རང་བཞིན་གཅིག་ལས་མ་གཡོས་དང་།། རིམ་རྩོལ་རྒྱུ་འབྲས་ཐེག་པ་རྣམས།། དྲ་དོན་སྙན་པའི་ཐབས་སུ་བསྟན།། རང་བྱུང་ཡེ་ཤེས
5a5 རྟོགས་པའི་ལྷ།། འཛབ་དང་སྙེན་པ་བྱ་མི་དགོས།། མཐའ་དབུས་མེད་པའི་སྙིང་པོ་ལ།། བཟུང་འཛིན་འཁྲུལ་པ་རང་གྲོལ་འགྱུར།། ཅེས་གསུངསོ།། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་ལས། སྤྱོད་པ་བསྟན་པའི་ལེའུ་སྟེ།
5a6 དྲུག་པའོ།། ། དེ་ནས་རིག་པའི་རྒྱལ་པོ་ལ།། རྡོ་རྗེ་སེམས་དཔས་ཡང་གསོལ་བ།། རྫོགས་ཆེན་ཐིག་ལེ་ཉག་གཅིག་ལ།། ཡོན་ཏན་སྣང་ཚུལ་ཇི་ལྟར་ཡིན།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། རྫོརྔ་ཆེན་ཐིག




iiif viewer powered by OpenSeadragon

4b - 5b

Texts on this page

Gbr006.5 - ye shes 'khor lo gsang ba snying po don gyi rgyud