e-texts navigator
Collection
Volume
Page
Wylie

4b1 པའོ།། ། དེ་ནས་རིག་པའི་རྒྱལ་པོ་ཡིས།། རྡོ་རྗེ་སེམས་དཔའ་ལ་ཏིང་ངེ་འཛིན་རང་གནས་ཀྱི་དོན་འདི་གསུང་སོ།། རྩོལ་མེད་རང་སྣང་མ་བཅོས་པ།། ཡིས་ལྷུན་གྲུབ་རང་བཞིན་གནས།། དགོངས་པས།
4b2 སྤངས་མ་བཅོས་ལ།། སྣ་ཚོགས་སྣང་ཏེ་ཞེན་པ་མེད།། སྒོམ་མེད་དོན་ལ་བླ་བཞག་མེད།། རང་བྱུང་རྟོག་མེད་མཉམ་ཉིད་ལ།། ཞེན་པའི་སྒྲོ་སྐུར་ངང་གི་མེད།། འཛིན་སེམས་དག་གིས་ལྕགས་དཀྲོལ་དང་།། བློ་བཞག་བསྒོམ་པ
4b3 བཅིངས་དང་འདྲ།། སེམས་ཉིད་ཟང་ཐལ་མ་བྱུང་ལ།། རང་བྱུང་ཡིས་མཉམ་ཉིད་ཐུགས།། བཅོས་མེད་རྩོལ་བྲལ་རང་བྱུང་ལ།། རྣམ་རྟོག་འཛིན་པ་ཅི་བྱུང་ཡང་།། རང་བཞག་བསམ་བྲལ་ཉིད་དུ་བདེ།། རྣམ་པར་རྟོག་པའི་རྒྱུ
4b4 བ་བྲལ། དུས་གསུམ་རྒྱུན་ཆད་མེད་པར་གནས།། འབབ་ཆུ་རྒྱུན་གྱི་དཔེ་དང་འདྲ།། དེ་ཉིད་རྟོགས་པའི་དོན་ལྡན་ན།། བསམ་ཁྲལ་རང་གནས་དགོངས་པར་གནས།། སྙིང་པོ་མཉམ་ཉིད་ངོ་བོ་ཉིད།། དབང་བསྒྱུར་རྒྱལ
4b5 བོའི་ཐུགས་དང་མཉམ།། འདོད་པའི་ཚོགས་ལ་ཡིད་མི་འཇུག། རྫོགས་པའི་དགོངས་པ་རྣམ་དག་ལ།། དུས་གསུམ་བླང་དོར་མེད་པར་བསམ།། འཛིན་མེད་ཏིང་འཛིན་སྐྱོན་ལས་གྲོལ།། མ་གཡོས་མ་བཅོས་ཉིད་དུ་བདེ།།
4b6 སྣང་བ་མེད་པའི་ཆོས་ཉིད་ནི།། མ་བཅོས་རང་བཟོ་ཉིད་དུ་བདེ།། བརྗོད་དུ་མེད་པའི་ཆོས་ནི།། སྒྲ་ཚིག་ཞེན་པའི་ཡུལ་ལས་འདས།། ཅེས་གསུངསོ།། ཡིས་འཁོར་ལོ་གསང་བའི་རྒྱུད་ལས།། ཏིང་ངེ་འཛིན་གྱི་ལེའུ་སྟེ་ལྔའོ།།




iiif viewer powered by OpenSeadragon

4a - 5a

Texts on this page

Gbr006.5 - ye shes 'khor lo gsang ba snying po don gyi rgyud