| | e-texts navigator
|
9b1 དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་བཀའ་སྩལ་ཏོ།། དོན་སྦྱོར་བློ་ནི་ཆེ་བ་ཡིན།། གདོད་ནས་གཉིས་མེད་སྐུ་རུ་སྒོམས།། ལྷ་བསྒོམ་ཐུན་རྒྱང་ནུས་བརྟན་དང་།། བདག་གི་ལུས་ཉིད
9b2 གང་བསྒོམ་བརྟན།། ཆུ་ཟླ་འམ་མཛའ་ཚོན་སྒྱུ་མར་གསལ།། དེ་བརྟན་བདག་ཉིད་ལ་སྤྱོད་དེ།། འདི་དག་དང་པོར་གང་ནས་བྱུང་།། ད་ལྟར་རང་བཞིན་ཅི་ཞིག་ཡིན།། ཕྱི་མ་ཅི་འགྱུར་ལོ་རྒྱུད་དཔྱོད།། དང་པོ་གང
9b3 ནས་མ་བྱུང་སྟེ།། ཆུའཁྱགས་ཆབ་རོམ་གྱུར་པ་འམ།། གསེར་དབུལ་ལུགས་སྐུར་འབྱུང་བ་ལྟར།། བདག་སེམས་རྣམ་ཤེས་ཚོགས་བརྒྱད་ཀྱང་།། ཡེ་ཤེས་ལྔའི་ངོ་བོར་སྣང་།། དེ་ལྟར་རང་བྱུང་ཡེ་ཤེས་ཉི
9b4 རང་སེམས་འབྲས་བུའི་ངོ་བོར་བྱུང་།། གཞན་ནས་འོད་མེད་འགྲོ་བ་མེད།། རིག་པའི་ཆོ་འཕྲུལ་ཅིར་ཡང་འཆར།། ཤར་བ་ཉིད་ནས་ཡེ་ཤེས་སྐུ།། སེམས་ཉིད་སྣང་བ་ཐེར་ཟུག་མེད།། འདུས་མ་བྱས་ཉིད་འདུ
9b5 བྱས་སྣང་།། ལྟར་སྣང་བའི་རང་བཞིན་ཀྱང་།། སེམས་ཀྱི་ཇི་ལྟར་བསམ་ལྟར་ཤར།། ཇི་ལྟར་སྣང་ཡང་རང་སྣང་ལས།། གཞན་པ་གང་ཡང་མེད་པ་སྟེ།། གཞན་ནས་འོད་དང་བཞག་པ་མེད།། ཅི་བསྒོམས་གཞའ
9b6 ཚོན་ཚུལ་ཤེས་བྱ།། གསལ་ལ་རྟོག་པ་མེད་པར་བསྒོམས།། ཡང་ན་ཚུ་ཟླའི་ཚུལ་ཤེས་ཏེ།། སྣང་ལ་རང་བཞིན་མེད་པ་ཡིན།། དོན་ལ་ཡུལ་མེད་རིག་པར་སྣང་།། ཞེན་ཅིང་སྣང་བའི་རང་བཞིན་མེད།། ཡུལ་དང
iiif viewer powered by OpenSeadragon
9a - 10a