e-texts navigator
Collection
Volume
Page
Wylie

2b1 ཕྲ་མེད་འཕེལ་རྒྱས་རྒྱུད།། དགའ་རབ་རྡོ་རྗེ་བདགི་བཤད།། བྱིན་བརླབས་ཉི་མའི་འོད་ལྟར་ཤར།། སྐྱེས་བུའི་ཐུགས་ལ་གང་ཤར་བ།། ཀུན་ཏུ་བཟང་པོའི་ཐུགས་རྒྱུད་རྫོགས།། སྣང་ལ་རང་བཞིན་མེད་པའི
2b2 དོནཿཆུ་ཟླའི་དཀྱིལ་འཁོར་ལྟ་བུར་བཤད།། སྒྱུ་མ་ལྟ་བུའི་གསུང་གི་བརྒྱུད།། རྡོ་རྗེ་སེམས་དཔའི་ཞལ་བརྒྱུད་རྫོགས།། དཔ་ལྡན་སངས་རྒྱས་པདྨའི་ནང་།། སྐྱེས་པའི་ཚུལ་གྱིས་སྐུར་བསྟན་པ།། བྱིན
2b3 བརླབས་དག་ལ་སྔགས་ལྟར་ཤར།། འཕེལ་རྒྱས་ཕྲ་མེན་རྒྱུད་འདི་རྫོགས།། ཅེས་གསུངསོ།། ཨ་ཏྱཻའི་རྫོགས་པའི་རྒྱུད་ལས། རྒྱུད་ཀྱི་ཞུས་ལན་གྱི་ལེའུ་སྟེ་གཉིས་པའོ།། །
2b4 དེ་ནས་ཡང་ཞུས་པ། རྒྱུད་ལུང་འབྲེལ་པར་བཤད་པར་ཞུ།། ཅེས་གསུངས་པས། གསུང་གི་བསྒྱུར་ཞིང་གང་མཚོན་པ།། སྐྱེས་བུ་རྒྱལ་པོའི་བཀའ་ལུང་རྫོགས།། བྱིན་གྱིས་བརླབས་ཀྱི་ཐུགས་དག་ལ།།
2b5 ངེས་པའི་ཤེས་པ་སྐྱེད་པ་འདི།། སྐྱེས་བུའི་རྒྱལ་པོའི་བྱིན་ལུང་རྫོགས།། སྐྱེས་བུ་གདམས་པའི་ལུང་ཕོག་པས།། ངེས་པར་བྱིན་བརླབས་ཕྲ་མེན་ལུང་ཡང་རྫོགས།། སྙིང་པོའི་དོན་ལ་བཀོལ་བ་མེད།།
2b6 རང་བྱུང་ཡིས་འཕོ་འགྱུར་མེད།། རིག་པའི་ཡིས་གཡོ་བ་མེད།། རང་རིག་ཡེ་ཤེས་འགག་པ་མེད།། ཐིག་ལེའི་ཡིས་སྐྱེ་འགག་མེད།། དོན་དེ་ཐུགས་ལ་གང་འཛིན་པ།། སྐྱེས་བུ་ངའི་བཀའ་ལུང་རྫོགས།།




iiif viewer powered by OpenSeadragon

2a - 3a

Texts on this page

Gbr006.39 - a ti rdzogs pa chen po'i rgyud