e-texts navigator
Collection
Volume
Page
Wylie

9b1 པ་ཡིན། བཀའ་བརྒྱུད་ཚད་ལ་ཕེབས་ཙམ་ན།། སངས་རྒྱས་དགོངས་པ་ཤ་ར་བ་ཡིན།། ཐུགས་རྒྱུད་ཚད་ལ་ཕེབས་ཙམ་ན།། སྐྱེ་བརྒྱུད་ཐག་པ་ཆོད་པ་ཡིན།། སྙུན་བརྒྱུད་ཚད་ལ་ཕེབས་ཙམཱ་ན།། ཡིས
9b2 ཁོང་ནས་ཤར་བ་ཡིན།། ཡཾས་ཡེ་ཤེས་ཁྱད་པར་ཆེ།། རྒྱུན་ཆད་མེད་པ་ཡིས་ཡིན།། སྣང་བ་ཚད་ལ་ཕེབས་ཙམ་ན།། མཁའགྲོ་དབང་དུ་འདུས་པ་ཡིན།། གོ་བ་ཚད་ལ་ཕེབས་ཙམ་ན།། རིགས་འཛིན
9b3 དབང་དུ་བྱས་པ་ཡིན།། རྟོགས་པ་ཚད་ལ་ཕེབས་ཙམ་ན།། སངས་རྒྱས་རང་ལ་རྙེད་པ་ཡིན།། ཤར་འཚད་ལ་ཕེབས་ཙམ་ན།། མཚན་མ་རང་སར་གྲོལ་བ་ཡིན།། གྲོལ་བ་ཚད་ལ་ཕེབས་ཙམ་ན།།
9b4 ཐཾད་མཁྱེན་པ་ཐོབ་པ་ཡིན།། ཚད་མ་གཏན་ལ་ཕེབས་ཙམ་ན།། ཕྱིར་མི་ལྡོག་པའི་དགོངས་པ་འཆར།། ཅེས་གསུངས་སོ།། དབང་རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། རྩ་དང་ཚད་མའི་ལེའུ་སྟེ་བཅུ་པའོ།།
9b5 དེ་རས་ཡང་དྲག་བཤད་བྱ་བ།། ཉོན་ཅིག་གསང་བའི་བདག་པོ་ཁྱོད།། ཐིག་ལེའི་གདམས་ངག་བསྟན་པ་ནི།། ཕྱི་ནང་གསུང་བ་རྣམ་པ་གསུམ།། དེ་ཡང་ངོ་བོ་ངེས་ཚིག་དང་།། དབྱེ་བ་འཐུན་པའི་དཔེ
9b6 དང་བཞི། ཐིག་ལེའི་ངོ་བོ་རང་གསལ་ཡིན།། དེས་ཚིག་འགྱུར་མེད་བདེ་བ་ཡིན།། དབྱེ་བ་ཐུན་མོངས་ཁྱད་པར་མཆོག། དཔེ་ནི་ཐིག་དང་འདྲ་བའོ།། ཐུན་མོང་ཐིག་ཡེ་དབབ་པ་དང་།། གཟུང་བ་དང་ནི་བཟློག




iiif viewer powered by OpenSeadragon

9a - 10a

Texts on this page

Gbr006.38 - lha rgyud rin po che dbang gi rgyud