| | e-texts navigator
|
8b1 སྙིང་ཀ་ཤེས་རབ་དྲུང་རྒྱའོ།། སྤང་ན་འཁོར་བའི་དྲུང་རྒྱུའོ།། རོ་སྟོང་མྱ་ངན་འདས་པའི་རླུང་།། བར་ན་འཁོར་འདས་རུ་གཅོད་རླུང་།། འགག་པ་མེད་པར་འགྱུ་བ་ཡིན།། ཅེས་གསུང་སོ།། དབང་རིན་པོ་ཆེ་འཁོར་ལོའི་རྒྱུད་ལས།། རླུང་དང་དཔའ་བོ་རླུང་གི་ལེ
8b2 སྟེ། དགྲ་པའོ།། ། དེ་ནས་ཡང་འསྩལ་པ། གསང་པའི་བདག་པོ་ཁྱོད་ཉོན་ཅིག། ནཱ་སི་བད་བསྡུས་སྤྱ་བསྣུན་པ་\ུ0f7f།། \ུ0f7fམིངན་སྟོང་པ་ཡིན།། ངས་པའི་ཚིག་ནི་གནས་པའོ།། མཆང་ཉིང་གཉིས་སུ་མེད་པར
8b3 དབྱེ་བ་རྣམ་པ་གསུམ་ཡིན་ཏེ། དཔེ་ནི་དྲ་བའི་ཚུལ་བཞིན་ནོ།། ཐུན་མོངས་ཀྱང་བར་མཆོག་དང་གསུམ།། ཐུན་མོངས་འཁོར་ལོ་བཞི་ལ་གནས།། དེ་ཡང་བསྡུས་ན་གསུམ་དུ་འདུས།། རྒྱང་མ་རོམ་རྐུན་རྔར་མ་ཀ། ཁྱད་པར་རྩ་ལ་བསྡུ་ན་གསུམ
8b4 རྣ་བ་ཆོས་ཀྱི་རྩ་དང་ནི།། སྙིང་ཀ་ཤེས་རབ་རྩ་དང་ནི།། མིག་ལ་ཡེ་ཤེས་རྩ་རང་གསུམ།། སྙིང་ལ་ཤེས་རབ་རྩ་གནས་པ། རྩཝ་ཆེན་གཞི་རུ་གྱེས་པ་ཡིན།། རྣ་བ་ཆོས་ཉིད་རྩཝ་དང་འབྲེལ།། མིག་ནི་ཡེ་ཤེས་རྩ་དང་འབྲེལ།། མགྲིན་པ་ཆོས་ཉིད
8b5 རྩ་དང་འབྲེལ།། གློ་སྒང་སྐྱོན་ཡོན་རྩ་དང་འབྲེལ།། མིག་ལ་ཡེ་ཤེས་རྩ་གནས་པས།། ཁ་དོག་ལྔ་དང་ལྡན་པ་ནི།། རྟགས་ཀྱི་ཡིས་ཕྱི་རུ་ཤར།། མགྲིན་པ་འོད་དུ་ཤར་བ་ནི།། ལོང་སྐུ་བཞི་ལ་གབ་པའི་རྒྱུ།། སྙིང་ཀ་ཆོས་གསུམ་འདུས་པ་ནི།། ཆོས
8b6 སྐུའི་རྩ་དེ་རང་ཆས་ཡིན།། འགྱུ་བ་སྟོང་པའི་ལམ་སྣ་དེ།། དེ་ནི་རྩ་བའི་ལམ་ཆེན་ཡིན།། གློ་སྙིང་གཉིས་ཀྱི་འཚམས་ཤེད་ན།། སྦུ་གུ་སྟ་བུའི་རྩ་གནས་དེ།། དེ་ལས་འགྱུ་བ་རྟེན་པ་ཡིན།། བློ་བར་གསོད་པས་སྒྲོག་འདྲའི་རྩ།། སྐྱེ་བ་གཅོད
iiif viewer powered by OpenSeadragon
8a - 9a