e-texts navigator
Collection
Volume
Page
Wylie

8a1 ཐམས་ཅད་ཐིག་ལེའི་ངང་དུ་གྲོལ།། ཐ་སྙད་ཚིག་ཚོགས་ཡུལ་ན་མེད།། དཔེ་ལས་འདས་པའི་ཡེ་ཤེས་ཡིན།། རྣམ་རྟོག་ཡེ་ཤེས་འཆར་བ་ལ།། རླུང་གི་གདམས་པའི་དབང་པོ་དགོས།། རླུང་གི་ངོ་བོ་མི་གཡོ
8a2 བའོ།། ངེས་པའི་ཚིག་ནི་འདེགས་བསྐྱོད་དོ།། དབྱེ་བ་གཞི་ལམ་འབྲས་པའོ།། འབྲས་བུ་རྣམ་པ་གཉིས་ཡིན་ཏེ།། མ་རིག་རླུང་དང་ཡེ་ཤེས་རླུང་།། མ་རིག་འགྱུ་བའི་རླུང་ཆེན་དེ།། མི་འགག་འགྱུ་བས་བསྐྱོད་པའི་རླུང་།། དུག་ལྔ་ཁོང་ཁྲོའི་རླུང
8a3 འགྱུ་བས།། བློ་སྒང་གཉིས་ལ་དབུགས་ཅན་རྒྱུ།། དབུགས་རྒྱུ་མ་རིག་ཐུགས་ཀ་ལ།། འགྱུས་པས་རྣམ་རྟོག་མ་རིག་རླུང་།། ཉོན་མོངས་བརྒྱད་ཁྲི་གཞི་སྟོང་རྒྱུ།། སྲོག་ཙ་དབུགས་མེད་རླུང་རྒྱུ་བ།། ཁུག་པ་འཁོར་བའི་རླུང་རྒྱུའོ།། མཛོད་པུཿཡཾས་རླུང
8a4 རྒྱུ་བས།། འདས་པ་ལྔའི་རླུང་རྒྱུའོ།། སྙིང་ནང་ཡིས་རླུང་རྒྱུ་བས།། ཟང་ཐལ་འགག་པ་མེད་པའི་རླུང་།། སྙིང་འཚམས་ཤེས་རབ་རླུང་རྒྱུ་བ།། ཤེས་བྱ་འགག་པ་མེད་པའི་རླུང་།། གློ་འཚམས་ཡེ་ཤེས་རླུང་དུ་རྒྱུ་བ།། ཐོག་པ་མེད་པའི་ཡེ་ཤེས་རླུང་།།
8a5 མགྲིན་པ་དབུགས་ཅན་རླུང་རྒྱུ་བ།། རྟོག་པ་འགག་པ་མེད་པའི་རླུང་།། ཁ་སྣ་དབུགས་ཅན་རླུང་རྒྱུ་སྟེ།། འགྲོ་བ་འོང་བ་གནས་པ་རྒྱུ།། གློ་སྒང་དབུགས་ཅན་རླུང་རྒྱུ་བ།། སྐྱེ་བ་གཅོད་པ་གནས་པ་རུ།། སྙིང་ནས་འགྱུ་བ་འགག་མེད་རླུང་འཆར་བ་འདུག་པ
8a6 གནས་པ་རྒྱུ།། དེ་ནས་གསང་ལམ་འོད་ལྔའི་རླུང་།། རྟོག་མེད་ཤེས་པའི་རླུང་རྒྱུའོ།། མཛོད་བུ་འགྱུ་བའི་དཀར་དམར་རླུང་།། ལྐོག་དུ་གྱུར་པའི་རླུང་རྒྱུའོ།། མིག་ལ་ཡིས་ཟང་ཐལ་རླུང་།། འགག་མེད་ཡིས་མངོན་གྱུར་རྒྱུ།། རྣ་བ་ཆོས་ཉིད་རླུང་རྒྱུའོ།།




iiif viewer powered by OpenSeadragon

7b - 8b

Texts on this page

Gbr006.38 - lha rgyud rin po che dbang gi rgyud