e-texts navigator
Collection
Volume
Page
Wylie

7b1 འཆར།། ནང་གི་ན་ཚ་སེལ་བ་ལ།། རིག་པའི་འོད་གསལ་འཁོར་ལོ་དགོས།། གང་ནས་སེལ་བ་དཔའ་བོ་ཡིན།། ནད་རྣམས་སེལ་བའི་དགོངས་པ་ཡོད།། བར་མི་ཆོད་པ་འབྲས་བུ་ཡིན།། བར་གྱི་རྣམ་རྟོགས་སེལ་བ་ལ།
7b2 ཚོགས་དྲུག་འོད་གསལ་འཁོར་ལོ་དགོས།། རྟོག་པ་རང་གྲོལ་དབང་པོ་དགོས།། རང་བྱུང་ཐིག་ལེའི་འབྲས་བུ་ཡིན།། རྩོལ་བའི་རྟོག་པ་སེལ་བ་ལ།། འགྱུ་བའི་འོད་གསལ་འཁོར་ལོ་དགོས།། རང་བྱུང་རང་སྣང་དགོས་པ་ཡོད།།
7b3 འགྱུ་བ་དང་སངས་དབང་པོ་ཡིན།། འདས་པ་རྣམ་ལྔ་འབྲས་བུའི་མཆོག། འཁོར་ལོས་ཐམས་ཅད་གཅོད་པ་ལྟར།། འགྱུ་བའི་འཁོར་ལོས་འཁོར་བར་གཅོད།། ཅེས་གསུངསོ།། དབང་རིན་པོ་ཆེ་འཁོར་ལོའི་རྒྱུད་ལས།། བློན
7b4 བོ་བཀའ་ཆད་ཀྱི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་གསང་བའི་བདག་པོ་ཁྱོད།། དཔེར་ན་མོ་བཙུན་དཔའ་བོའི་དབང་བསྟན་པ།། དཔའ་བོའི་རྩལ་དང་ལྡན་པ་ལ
7b5 མོ་བཙུན་མཛེས་མས་གཡོས་ཙམ་ན། མོ་ཡིས་ཕར་ལ་གླགས་བཙལ་ཀྱང་།། སྐྱེས་པ་རྣམས་ཀྱིས་འཇུག་མི་ནུས།། དེ་བཞིན་ཡེ་ཤེས་དབང་ཐོབ་ན།། དུག་ལྔ་སྣ་ཚོགས་རང་དབང་འདུས།། འགྱུ་བས་བཙལ་བས་མི་རྙེད་དེ།། རྩལ
7b6 བས་ཡེ་ཤེས་གྲོགས་སུ་ཤར།། དུག་ལྔའི་མཚན་མ་རང་སར་གྲོལ།། འགྱུ་བ་བྱ་བ་མིང་ཡང་མེད།། སྣང་སྲིད་ཐིག་ལེའི་ཀློང་དུ་གྲོལ།། དུག་ལྔ་སྐྱེས་པས་མིང་ཡང་མེད།། ཕྱི་ནང་མེད་པར་རང་སྣང་བས།། ཉམ་སུ་མྱོང་རྒྱུའི་ཡུལ་མི་རྙེད།




iiif viewer powered by OpenSeadragon

7a - 8a

Texts on this page

Gbr006.38 - lha rgyud rin po che dbang gi rgyud