| | e-texts navigator
|
7a1 འདི། དཔེར་ན་གསེར་ལ་ནག་ཚུར་བཞིན།། ཕྱིས་ནི་གཡའི་སྐྱོན་དང་བྲལ།། དེ་བཞིན་མ་རིག་ཡེ་ཤེས་བསྟན།། ཕྱིས་ནི་འཁོར་བར་མི་ལྟུང་ངོ་།། འཁོར་བའི་བག་ཆགས་རྟོགས་པ་ཡིན།། བག་ཆག་སྲོག་ཙ་མཆོད་ན།
7a2 འཁོར་བའི་འདམ་དུ་བྱིང་བར་མཆི།། དེ་ལ་གནད་ཀྱི་གདམས་པ་བསྟན་པ་ནི།། ཉོན་མོངས་བརྒྱད་ཁྲི་བཞིས་སྟོང་ཆགས་སྡང་ལྔ།། ལྔ་པོ་གསུམ་དུ་འདུས་ཏེ་མ་རིག་པ།། དེ་ཡང་ངོ་བོ་རྩལ་དང་ལས་དང་གནས།། ལམ་དང་སྒོ་དང་སྐྱོན་དང
7a3 འབྲས་བུ་བརྒྱད།། མི་དགེ་ལུང་མ་བསྟན་དང་དགེ་བ་དང་།། མཚན་བཅས་མཚན་མེད་རྣལ་འབྱོར་དང་།། དགེ་བཅུ་སྤྱོད་པའི་གང་ཟག་དང་།། སྡིག་བཅུ་ཆགས་སྡང་སྒོ་ནས་སྤྱོད་པ་དང་།། ལུང་དུ་མ་བསྟན་སྡིག་སོགས་བྱེད་པ་རྣམས།། ལས་དཔ་ལས་ཀྱི
7a4 འབྲས་བུ་བསྟན་པར་བྱ།། རིག་པའི་ངོ་བོ་རྩལ་དང་ལས་དང་གནས།། ལམ་དང་སྒོ་དང་ཡོན་ཏན་འབྲས་བུ་བརྒྱད།། རྟོགས་པ་ཡེ་ཤེས་ཁོང་གསལ་ཤེས་རབ་མི་པོ་ཡིན།། འབྲས་བུ་ཕྱིར་མི་ལྡོག་པས་ངེས་ཤེས་དབང་པོ་ཡིན།། འགྱུ
7a5 དཀར་ནག་བློ་ཙའི་མཚམས་ན་གནས།། ལྷན་ཅིག་སྐྱེས་པའི་ལྷ་དང་ལྷན་སྐྱེས་འདྲེས།། དེ་གཉིས་ལྷན་སྐྱེས་ཁ་སྦྱོར་ཁྱུད་ནས་ཡོད།། འདྲེ་དང་བསྟོད་པའི་དབང་པོ་རྣམས་ཤེས་བརྒྱད་ཀྱིས་བྱེད།། ལྷ་དང་སྤོངས་པའི་དབང་པོ་རིག་པའི
7a6 ལྷ་འདྲེ་གཉིས་ཀྱི་དབང་པོ་ཀུན་ཏུ་རྒྱུའི་བྱེད།། ཕྱིའི་ལྷ་འདྲེ་སེལ་བ་ལ།། སྣང་བ་ཐུགས་ཕྲད་དབང་པོ་དགོས།། འོད་གསལ་འཁོར་ལོའི་ཡིས་ཆེས་དགོས།། སྣང་བ་རང་དག་འབྲས་བུའི་མཆོག། ངེས་པའི་ཤེས་པ་ཁོང་ནས
iiif viewer powered by OpenSeadragon
6b - 7b