| | e-texts navigator
|
6b1 གདབ།། དཔེ་ཡང་འཐུན་པདཔེ་ཁྱད་པར་ཆེ།། ཡིད་མ་ཆེས་པའི་སྲོག་རྩ་གཅད།། གནང་ལ་འབེབས་པའི་གཟེར་དང་རྒྱ།། མི་གཅིག་པོའི་སྲོག་ལ་གདབ།། ཐམས་ཅད་གཅད་པས་ག་ལ་ལང་།། གཅིག་ཆོད་པས་ནི་ཁམས་གསུམ་སྒྲོལ།།
6b2 སྲོག་གི་ངོ་བོ་འཛིན་པ་ཡིན།། ངེས་པའི་ཚིག་ནི་རྔུབ་པ་ཡིན།། དབྱེ་བ་རྣམ་པ་གསུམ་ཡིན་ཏེ།། འཇིག་རྟེན་པ་དང་འཇིག་རྟེན་འདས།། ཡང་དག་ཡེ་ཤེས་སྲོག་ཆེན་པོ།། འཐུན་དཔེ་འདྲ་བའི་སྙིང་པོ་འདྲ།། དེ་ནི་ཐུན་མོང་སྲོག
6b3 ཡིནོ།། ཁྱད་པར་སྲོག་ནི་རྣམ་པ་གསུམ།། འབྱུང་པོའི་སྲོག་དང་ལུས་ཀྱི་སྲོག། དབུགས་གང་པའི་སྲོག་དང་གསུམ།། མཆོག་གི་སྲོག་ནི་འདི་ལྟ་སྟེ། འགྱུ་བས་ཟུང་བས། འཁྲུལ་པའི་སྲོག། འགྱུབ་ཟང་ཐལ་ཉམས་ཀྱི་སྲོག། ཡེ་ཤེས
6b4 རང་སྣང་ཐིག་ལེའི་སྲོག། ཐིག་ལེའི་སྲོག་ཆེན་འཕོ་འགྱུར་མེད།། རྒྱལ་པོའི་ཕྱག་རྒྱ་དབང་གི་སྲོག། ཅེས་གསུང་སོ།། དབང་རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། བཀའ་རྟགས་ཕྱག་རྒྱའི་ལེའུ་སྟེན། བདུན་པའོ།།
6b5 དེ་ནས་ཡང་དག་བཤད་བྱ་བ། ཉོན་ཅིག་གསང་བའི་བདག་པོ་ཁྱོད།། བློན་པོ་བཀའ་ཆང་དབང་བསྟན་པ། དཔེར་ན་བློན་པོས་རྒྱལ་པོའི་ཁྲིམས་བཅས་ན།། དམངས་ཀྱི་ཁྲིམས་ལས་འདའ་མི་ནུས།། གལ་ཏེ་ཁྲིམས་ལས་འདས
6b6 པས་ན།། ཆད་པ་ཐབས་ཅིག་གཅད་པ་ཡིས།། དེས་ན་སུས་ཀྱང་འདའ་མི་ནུས།། དེ་བཞིན་ཡེ་ཤེས་ངོ་སྤྲད་ན།། རྟོག་པ་སྐྱེ་བའི་ས་མི་རྙེད།། གལ་ཏེ་སྐྱེས་ན་ངོ་སྤྲོད་པས།། ཕྱིས་ནི་སྐྱེ་བར་མི་ནུས་སོ།། ཡང་དག་ངེས་པའི་ངོ་སྤྲོ
iiif viewer powered by OpenSeadragon
6a - 7a