e-texts navigator
Collection
Volume
Page
Wylie

6a1 ཉོན་ཅིག། རྒྱལ་པོ་བཀའ་དྭགས་དབང་བསྟན་པ།། རྒྱལ་པོས་བཙུན་མོ་བླངས་ནས་ནི།། དབང་བསྐུར་ཁྲུས་སོག་བྱས་ཙམ་ན།། སྐྱེས་པ་བསམ་གྱིས་མི་ཁྱབ་ཀྱང་།། བཙུན་མོ་དེ་ལ་འཇུག་མི་ནུས།། རྒྱལ་པོ་བཀའ་རྟགས་ཕྱག་རྒྱའི་དབང་ཞེས
6a2 བྱ།། དེ་བཞིན་བླ་མ་དམ་པ་ཡིས། རིག་པའི་ཡེ་ཤེས་ངོ་སྤྲད་ན།། སྣང་བ་རྣམ་པ་སྣ་ཚོགས་ཀྱིས་ཀ། གནོད་པ་འབྱུང་བ་མི་འགྱུར་རོ།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཀྱང་།། ཕྱག་རྒྱའི་དབང་ལས་འདའ་མི་ནུས།། མི་འདའ་ཡེ་ཤེས་ཐུགས་ཀྱི་རྒྱ།
6a3 གཉིས་མེད་ཡེ་ཤེས་གསུང་གི་རྒྱ།། མི་བསྐྱོད་པ་ནི་སྐུའི་རྒྱ།། མི་འདའ་བས་ན་ཡུལ་གྱི་རྒྱ།། རྒྱུ་ཞིག་གནད་ཀྱིས་ཐེབས་ཙ་ན།། རྒྱལ་པོ་བཀའ་རྟགས་ཕྱག་རྒྱ་བཞིན།། སུས་ཀྱང་འདའ་བར་མི་ནུས་སོ།། གདམས་པ་བཀའི་གཟེར་དང་རྒྱན
6a4 རྣལ་འབྱོར་སྣོད་དང་ལྡན་ལ་གདབ།། རིག་པ་ཡེ་ཤེས་ལྷའི་གཟེར་དང་རྒྱ།། ལྷ་སྲིན་སྡེ་བརྒྱད་སྲོག་ལ་གདབས།། ཕུང་བྱེད་སྡེ་བརྒྱད་སྲོག་རྩ་གཙང་།། བྱིན་རྒྱུད་ཉམས་མྱོང་ཡེ་ཤེས་གཟེར་དང་རྒྱ།། མཁའ་འགྲོ་རྣམས་ཀྱི་སྲོག་ལ་གདབ།
6a5 མཁའ་འགྲོའི་སྲོག་ཙ་མཆོད་ན།། ཡ་མ་དམ་སྲི་གདོན་དུ་ཆེ།། ཐུགས་རྒྱུད་གདམས་པ་གནད་ཀྱི་གཟེར་དང་རྒྱ།། འཁོར་བ་རྣམས་གཞིའི་སྲོག་ལ་གདབ།། འཁོར་བའི་སྲོག་ཙམ་ཆོད་ན།། འགྲོ་དྲུག་འཁྲུལ་པ་གཡང་ས་ཆེ།། སྙན
6a6 རྒྱུད་ངོ་སྤོང་གནད་ཀྱི་གཟེར་དང་རྒྱ།། ཚོགས་ཀྱི་དབང་བསྐུར་དུས་སུ་གདབ།། བླ་མའི་གདམ་པ་མཆོད་ན།། ཐེག་པའི་སྲོག་ལ་ཐུག་པ་མེད།། དཔེ་རྒྱུད་གདམས་པ་གགས་དང་ཐེབས་ཀྱི་རྒྱ།། མཚོན་པར་བྱེད་པ་དང་པོའི་དུས་སུ




iiif viewer powered by OpenSeadragon

5b - 6b

Texts on this page

Gbr006.38 - lha rgyud rin po che dbang gi rgyud