e-texts navigator
Collection
Volume
Page
Wylie

5b1 ཏུ་བཅུག། མོ་རང་ཁ་ཟས་མི་ལ་ཚོལ།། ཤིན་ཏུ་དབུལ་ཞིང་ཉམས་ཐག་ནས།། གྲོང་ཁྱེར་ཀུན་ཏུ་སྐྱུག་པ་ལས།། ན་མ་ཅིག་ལ་སྒྱིང་བུ་དེ།། ངོ་ཤེས་པའི་དབུལ་བ་སེལ།། དེ་བཞིན་འགྲོ་དྲུག་འཁྱམས་པ་ཡིས།། མ་རིག་རྒན་མོ་ལོང་མ་དེ།།
5b2 རིག་པའི་ཡེ་ཤེས་ངོ་མ་ཤེས།། ཆོས་སྤྱོད་སྤྱོད་ཅིང་མཐོ་རིས་ཚོལ།། འབྲས་བུ་འཁོར་བར་ཉམས་ཐག་པས།། འགྲོ་དྲུག་འཕྲུལ་པ་སྤྱོད་པ་ལ།། བླ་མའི་གསང་དབང་སྐད་ཅིག་གིས།། འཁོར་བའི་སྡུག་བསྔལ་གྲོལ་བར་བྱེད།། རང་སྣང་ཐིག
5b3 ལེ་ཉམས་ཀྱི་གཟེར།། འགྱུར་བ་མེད་པའི་དགོངས་པ་ཡོད།། རྟོགས་པ་ཡེ་ཤེས་གདེང་གི་གཟེང་།། འཕེལ་འགྲིབ་མེད་པའི་དགོངས་པ་ཡོད།། བྱིང་ཆུག་མེད་པ་ཡེ་ཤེས་གཟེར།། སྒོམ་མི་དགོས་པའི་དགོས་པ་ཡོད།། གཉིས་མེད་ཡེ་ཤེས་རང་བྱུང།
5b4 གཟེར།། སྤྱད་མི་དགོས་པའི་དགོས་པ་ཡོད།། སྣང་སྲིད་ག་ཞི་ག་ཞེངས་རང་གྲོལ་གཟེར།། འབྲས་བུ་ཐོབ་མེད་དགོས་པ་ཡོད།། ཚོགས་དྲུག་ལྷུག་པ་གདམས་པའི་གཟེར།། དག་ཏུ་མེད་པའི་དགོས་པ་ཡོད།། འགྱུ་བ་ལྟ་སྟངས་གནད་ཀྱི་གཟེང།
5b5 འདྲེ་ཀུན་ངོས་འཛིན་དགོས་པ་ཡོད།། འགྱུ་བ་ཟང་ཐལ་གདམས་པའི་གཟེར།། ཉམས་ཀྱི་མི་འཆིང་དགོས་པ་ཡོད།། ལྷན་སྐྱེས་རྩ་རླུང་ཐིག་ལེའི་གཟེར།། རྩ་ལ་མི་དགོས་པའི་དགོས་པ་ཡོད།། ཆོས་ལས་འདས་པའི་ངོ་སྤྲོང་གཟེར།།
5b6 ཁ་མི་ཁྱེར་པའི་དགོས་པ་ཡོད།། ཅེས་གསུངསོ།། དབང་རིམ་པོ་ཆེ་འཁོར་ལོའི་རྒྱུད་ལས།། དབུལ་མོ་གཏེར་གྱི་དབང་གི་ལེའུ་སྟེ་དྲུག་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། གསང་བའི་བདག་པོ་ཁྱོད།




iiif viewer powered by OpenSeadragon

5a - 6a

Texts on this page

Gbr006.38 - lha rgyud rin po che dbang gi rgyud