e-texts navigator
Collection
Volume
Page
Wylie

5a1 ནད་གདམས་པའི་རྒྱལ་འཆིངས་ཏེ་མཆི།། ཕྱིའི་དབང་མཆོག་ཐོབ་པ་ལ།། རང་སྣང་འོད་གསལ་དབང་པོ་དགོས།། མཁའ་འགྲོ་དབང་དུ་འདུས་པ་ཡིད་ཆེས་ཡིན།། སྣང་བ་ཟང་ཐལ་ཤར་བ་ངོ་སྤྲོད་ཡིན།། འགྲོ་དྲུན།
5a2 གཡང་ས་ཆོད་པ་དགོས་པ་ཡིན།། རིག་པའི་ལམ་སྣ་ཟིན་པ་ཡོན་ཏན་ཡིན།། སངས་རྒྱས་རང་སྣང་ཤར་བས་འབྲས་བུ་ཡིན།། ནང་གི་དབང་མཆོག་ཐོབ་པ་ལ།། ཆགས་སྡང་རང་གྲོལ་དབང་པོ་དགོས།། རིག་པ་རང་དབང་ཐོབ་པ་ཡིས་ཆེས་ཡིན།
5a3 དུག་ལྔ་ཟང་ཐལ་ཤར་བས་ངོ་སྤྲོད་ཡིན།། རྒྱུ་དྲུག་ཆགས་སྡང་གྲོལ་བ་དགོས་པ་ཡིན།། སངས་རྒྱས་དགོངས་པ་རང་ཤར་འབྲས་བུ་ཡིན།། གསང་བའི་དབང་མཆོག་ཐོབ་ལ།། འགྱུ་བ་དངས་སངས་དབང་པོ་དགོས།། ཡེ་ཤེས་ཟད་ཐལ་ཤར
5a4 བས་ཡིད་ཆེས་ཡིན།། འགྱུ་བ་རང་སར་གྲོལ་བས་ངོ་སྤྱོད་ཡིན།། མ་རིག་རྩ་ནས་ཆོང་པས་དགོས་པ་ཡིན།། འདས་པ་ལྔ་རུ་ཤར་བས་འབྲས་བུ་ཡིན།། དབང་མཆོག་རང་གྲོལ་ཐོབ་པ་ལ།། ཐིག་ལེ་ཉ་གཅིག་དབང་པོ་དགོས།། ཐིག
5a5 ལེ་རང་སྣང་ཡིད་ཆེས་ཡིན།། ཆོས་མེད་རང་གྲོལ་ངོ་བོ་ཡིན།། རྩོལ་མེད་ཉག་ཅིག་ཡོན་ཏན་ཡིན།། ཆོས་ལས་འདས་པས། འབྲས་བུའི་མཆོག། རྒྱ་གཞི་དྲས་ཐག་གཅད་པ་ཡིན།། ཅེས་གསུངསོ།། དབང་རིན་པོ་ཆེ་འཁོར་ལོའི་རྒྱུད་ལ
5a6 མཚམ་མ་ཟིལ་གྱི་གནན་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ནན་ཅིག། དངུལ་པོ་ནོར་ནི་དབང་བསྐུར་བསྟད་པ་ནི།། དབུལ་མོ་རིས་མ་སྐྱོང་བ་ཡིས།། གསེར་གྱི་ཀྱོ་རྩ




iiif viewer powered by OpenSeadragon

4b - 5b

Texts on this page

Gbr006.38 - lha rgyud rin po che dbang gi rgyud