| | e-texts navigator
|
4b1 སྨྲས་པས་ཟང་ཐལ་རྩི་ཡིན་ནོ།། དེས་ན་རིག་པ་རང་རྩལ་དབང་།། ཅེས་གསུང་སོ།། དབང་ཡེ་ཤེས་འཁོར་ལོའི་རྒྱུད་ལས། རིག་པ་རྩལ་གྱི་ལེའུ་སྟེ་བཞི་པའོ།།
4b2 དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། མཚན་མ་ཟིལ་ནོན་དབང་སྟན་པ།། དཔེར་ན་ཉི་མ་ཤར་བ་ཡིས།། མུན་པའི་དམག་རུམ་རང་སར་གྲོལ།། ཉི་མའི་སྙིང་པོ་མཁའ་ལ་ཤར།། ཐུགས་རྗེའི་འོད་ཀྱི་ཀུན་ལ་བརྡལ
4b3 ཕྱོགས་མེད་རྒྱུ་ཞིང་རིས་མི་མངའ།། ཉི་མའི་འོད་ཟེར་ཁྱབ་བརྡལ་དེས།། མུན་པ་སྐད་ཅིག་མ་ལ་སེལ།། དེ་བཞིན་ཡེ་ཤེས་ཐིག་ལེའི་དབང་།། ཤེས་རབ་སྐད་ཅིག་གཅིག་གིས་ཐོབ།། ཤེས་བྱ་འགག་པ་མེད་པ་སྟེ།། དེ་ནི་ཤེས་རབ་དབང་ཡིན།
4b4 ཏེ། ཤེས་རབ་དབང་ཆེན་བསྐུར་བ་ཡིས།། མ་རིགས་མུན་པ་རང་སར་གྲོལ།། ཡེ་ཤེས་ཁྱབ་བརྡལ་ཆེན་པོ་ཡིན།། ཐུགས་རྗེ་འགག་མེད་ཤེས་རབ་དབང་།། ཕྱོགས་མེད་ཡེ་ཤེས་ཟང་ཐལ་ཤར།། ཆོས་མིན་ཡེ་ཤེས་ཉིད་དུ་ཤར།། མ་རིག་ཡེ
4b5 ཉིད་དུ་ཤར།། ཕྱིའི་ཤེས་རབ་གདམས་པའི་དབང་།། མཚན་མ་ཟིལ་གནོན་ཐབས་ཀྱི་དབང་།། ནང་གི་ཤེས་རབ་རྟོག་ཚེད་དབང་།། སྣང་བ་ལམ་དུ་སློང་བའི་དབང་། གསང་བའི་ཤེས་རབ་འགྱུ་བའི་དབང་།། ཡེ་ཤེས་ལམ་དུ་སློངས་པའི་དབང་།།
4b6 ཕྱིའི་དབང་མཆོག་མ་ཐོབ་ན། སྣང་བའི་རྒྱལ་འཆིངས་སྟེ་མཆི།། ནང་གི་དབང་མཆོག་མ་ཐོབ་ན།། ཆགས་སྡང་རྒྱལ་འཆིངས་དེ་མཆི།། གསང་བའི་དབང་མཆོག་མ་ཐོབ་ན།། ཉམས་མྱོང་རྒྱལ་འཆིངས་ཏེ་མཆི།། དབང་མཆོག་རང་གྲོལ་མ་བསྐུ
iiif viewer powered by OpenSeadragon
4a - 5a