e-texts navigator
Collection
Volume
Page
Wylie

4a1 རུས་སྦལ་རྩལ་དང་ལྡན་པ་ལ།། མཁར་གཞོང་རང་བཞིན་འཇམ་པ་དང་།། རུས་སྦལ་རྐང་ལག་འཇམ་ཡིས།། རུས་སྦལ་དེ་ཡིས་འཁུབ་མི་ནུས།། དེ་བཞིན་རིག་པ་རང་རྩ་ལ་དབང་།། སྣང་བ་ཟང་ཐལ་སྣང་ཞེན་ལྡོག། རང་སྣང་ཡས
4a2 ཟང་ཐལ་དེ།། ཕྱི་ནང་མེད་པས་སངས་རྒྱས་ཡུལ་མེད་ཤར།། རིག་པ་རང་གྲོལ་ཤར་བས་མངོན་ཞེས་ལྡོག། རིག་པ་ཟང་ཐལ་སྣང་སྲིད་འུབ་ཆུབ་ཀློང་དུ་ཐིམ།། འགྱུར་མེད་རིག་པའི་རྩལ་ཆེན་རྫོགས་ནས་ནི།། གདམས་པས་དབང་དུ་གྱུར་པས་སངས
4a3 རྒྱས་ཡུལ་མེད་ཤར།། རིག་པ་རང་དབང་གྱུར་པས་མཁའ་ལ་རང་བསྐོར་འདྲ།། སེང་གེ་ཕྲུ་གུ་རུ་མ་ན་གནས་པ་ལྟར།། སངས་རྒྱས་དགོངས་པ་ཁོང་དུ་རྫོགས་པ་ཡིན།། རུལ་སྦལ་རྐང་ལག་ནང་དུ་བསྐུམ་པ་ལྟར།། འགྱུ་བ་སངས་པས་རིག་པ་ཁོང
4a4 དུ་གྲོལ།། མཚན་མའི་རྣམ་པར་རྟོག་པ་ཅི་སྐྱེས་ཀྱང་།། ཆོས་ཉིད་འོད་གསལ་གནད་ཀྱི་དམ་པ་ཡིན།། རིག་པའི་རང་སྒོམ་ཤེས་མ་རིག་བདུད།། རང་སྒོ་རང་སྣང་ཤེས་པས་རྩི།། དུག་ལྔ་ཁོང་ཁྲོ་བདུད་ལྟར་འབྱུང་།། རང་བྱུང་ཡེ་ཤེས་ཤར་བས་རྩི
4a5 རྣམ་རྟོགས་འཁོར་བ་མ་རིག་བདུད།། རང་རིག་ཡིས་ཟང་ཐལ་རྩི།། སྡེ་བརྒྱད་སྤོངས་པས་ནང་དང་བདུད།། རང་རིག་ཡེ་ཤེས་ལྷའི་ལྷ།། ལྷག་པའི་ལྷ་ནི་བླ་མའི་རྩིག།། ཆགས་སྔངས་གཟུགས་ཀྱི་ཕུང་པོ་དང་།། བར་ཆད་བྱེད་པའི་བགེགས་ནི
4a6 བདུད།། འགྱུར་མེད་རིག་པ་ལྡོག་པས་རྩི།། རླུང་མཁྲིས་པད་ཀ་ན་འདུས་པས་བདུད།། འགྱུ་བཟང་ཐལ་ཤེས་པའི་རྩི།། འབྱུང་བ་རྣམ་ལྔ་བདུད་དུ་ཤར།། བླ་མའི་ཐབས་ནི་འགག་པས་རྩི།། སྣང་བ་དཀར་དམར་བདུད་དུ་ཤར།།




iiif viewer powered by OpenSeadragon

3b - 4b

Texts on this page

Gbr006.38 - lha rgyud rin po che dbang gi rgyud