e-texts navigator
Collection
Volume
Page
Wylie

3b1 དྲིལ་མྱང་བས་ན།། དེས་ན་སྟག་གུ་སྤྱན་ཅིག་ཡིན།། འོག་སྒོར་ཐང་འབྱིན་ཅིང་བརླག་པ་དང་། དྲི་མི་ཞིམ་པས་གནོད་སྦྱིན་ཀུན་ལ་སྒྲིབ་ཀ། ཡིད་ཀྱི་རྣམ་ཤེས་ཐད་དུ།། སླེབས་ཤིང་དབུགས་ལ་རྟེན་པས་ནཀ་ཧ་ནུ་ལྤགས་པ་ཤུ་རྐང་མགྱོག་ཡིན།། ཡིད་ནི།
3b2 འཁོར་བར་རྒྱུ་ཞིང་ཀུན་སླུ་བས།། ཀླུ་རྒྱ་ལ་དགའ་བོ་ཀུན་སྤུ་ཡིན།། ཚོགས་བདུན་ཀུན་གཞི་དག་ལ་འདུས་པས་ན།། སྲིད་པའི་རྒྱལ་མོ་ཀུན་ཏུ་མ་དང་བརྒྱང་།། ལྷ་སྲིན་སྡེ་བརྒྱད་རང་ལ་ཤར་བ་ཡིན།། སྡེ་བརྒྱད་དཔོན་པོ་དབང་ཕྱུག་ཆེན་པོ་ཡིན།། དེ་རྣམས
3b3 སྲོག་གཅང་དབང་དུ་བསྡུ་བའི་ཕྱིར།། དབང་ཕྱུག་ཆེན་པོ་དབང་དུ་བསྡུས།། སྲིད་པའི་རྒྱལ་མོ་དབྱིངསུ་བསྟིམས།། ལྷ་སྲིན་སྡེ་བརྒྱད་སྲོག་སྙིང་བརྒྱད།། ཡང་སྙིང་འབྲུ་ཅིག་པ་ལ་དྲིལ།། ཡང་སྙིང་དཔའ་བོ་འབྲུ་གཅིག་ཧ།། དུ་དང་ཏཱི་དང་ཡ་དང་ཤུར
3b4 ནི།། རྫི་དང་མ་དཔེ་རཀྵ་དྲང་བརྒྱད།། ཡང་སྙིང་དཔའོ་འབྲུ་ཅིག་ཡིན།། འབྲུ་ཅིག་པ་ལ་དབང་བསྐུར་ན།། ལྷ་རྒྱལ་ཚངས་པའི་དབང་ཐོབ་འགྱུར།། ཚངས་པ་དུང་གི་ཐུང་ཚུགས་ཅན།། ལྷ་ནི་ཟུག་རྔུ་མེད་པ་ཡིན།། ཚངས་པ་ཡིས་ཟང་ཐལ་ཡན
3b5 དུང་ནི་དྲི་མ་མེད་པ་ཡིན།། ཐོར་ཚུགས་གོང་ན་མེད་པ་ཡིན།། དེ་ནི་ཅིར་ཡང་སྤྲུལ་པས་ན།། སྦྲུལ་སྐུ་ཐུགས་ཕྲག་དབང་ཅེས་བཤད།། ཅེས་གསུངསོ།། དབང་རིན་པོ་ཆེའི་རྒྱུད་ལས། སྦྲུལ་སྐུ་ཐུགས་ཕྲད་ལྷ་སྲིན་སྡེ་བརྒྱད་དབང
3b6 ཕྱུག་ཆེན་པོའི་དབང་དུ་བསྡུས་ཏེ་བསྟན་པའི་ལེའུ་སྟེ། གསུམ་པའོ།། ། དེ་ནས་ཡང་བཀའ་སྩལ་བ་གསང་བའི་བདག་པོ་ཁྱོད་ཉོན་ཅིག། རིག་པ་རྩལ་གྱི་དབང་བསྐུར་བསྟན་པ་ནི།། དཔེར་ན




iiif viewer powered by OpenSeadragon

3a - 4a

Texts on this page

Gbr006.38 - lha rgyud rin po che dbang gi rgyud