| | e-texts navigator
|
3a1 གཅོད་།། དེ་བཞིན་འགྱུ་བ་སྣ་ཚོགས་དེ།། དུག་ལྔ་ལམ་དུ་ངོ་སྤྲོད་པའི།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས།། ཚོགས་བརྒྱད་འགྱུ་བ་དང་དགུ། ཐབས་མ་འགགས་པས་སྣང་བ་ཆེ།། དེ་ལས་གཅོད་པས་ཤེས་རབ་ཡིན།། དེ་གཉིས
3a2 ཟུང་དུ་འབྲེལ་པ་ནི།། གཉིས་མེད་རང་སྣང་ཆེན་པོ་ཆེ།། མ་བསྒོམས་ཡིས་ཟང་ཐལ་འཆར།། མིག་ནི་ཡིས་ཟང་ཐལ་ཡིན།། རྣ་བ་མེ་ལོང་ལྟ་བུ་ཡིན།། སྣ་ནི་མཉམ་ཉིད་ཡིས་ཡིན།། ལྕེ་ནི་ཀུན་རྟོགས་ཡེ་ཤེས་ཡིན།། འོག་སྒོ་བྱ་བ་གྲུབ་པ་ཡིན།། ཡིད་ནི
3a3 ལྷག་མཐོང་ཡི་ཡིན།། ཡིད་ནི་རང་བྱུང་ཡིས་ཡིན།། ཀུན་གཞི་ཆོས་དབྱིངས་ཡིས་ཡིན།། འགྱུ་བ་རང་རིག་ཡེ་ཤེས་ཡིན།། ཉོན་མོངས་བརྒྱད་ཁྲི་གཞི་སྟོང་གིས།། འཁོར་བའི་འདམ་ལས་མི་ཐར་པ།། ཐར་པ་ཆེན་པོའི་ས་བོན་ཡིན།། ཆོས་ཀྱི་སྒོ་མོ་བརྒྱ
3a4 ཁྲི་ཡང་།། ཐུགས་རྗེ་གཟུགས་ཀྱི་ཟག་པ་ཡིན།། རྩ་བ་གཅིག་ལས་ལོ་མ་སྟོང་།། སངས་རྒྱས་སྟོང་དང་རྩ་གཅིག་གི། ཡང་དག་སྙིང་པོ་གཅིག་ལས་མེད།། ཡང་སྙིང་སྲོག་གི་འབྲུ་ཅིག་ཡིན།། ལྷ་སྲིན་སྡེ་བརྒྱད་སྲོག་སྙིང་འབྲུ་གཅིག
3a5 དེ་ཤེས་པས་ནི་སྲོག་ཀུན་དབང་དུ་འདུས།། ཚོག་བརྒྱད་ཐེག་པ་བརྒྱད་དུ་བསྟན།། ཐེག་པའི་རྩ་བ་ཨ་ཏི་ཡོ་གར་འདུས།། ཚོགས་བརྒྱད་རྩ་བ་འགྱུ་བ་གཅིག་པུར་འདུས།། མིག་ནི་འགྱུར་མེད་ཁྲག་མེད་པས།། ནག་པོ་ཁྲག་མེད་བྱ་བ་ཡིན།།
3a6 རྣ་བས་མཉན་ནས་གློ་དང་བསྒོས།། རེས་ན་ང་རྒྱལ་སྣ་ཚོགས་སྐྱེ།། རྒྱལ་པོ་བློ་གྲོས་ཅན་གཅིག་ཡིན།། ལྕེའི་རྣམ་ཤེས་ཐཾད་སྒྲུབ།། སྒྲ་སྐད་སྣ་ཚོགས་འབྱིན་པས། གྱད་ཀྱི་གསུང་མཆོག་དམར་པོ་ཡིན།། སྣའི་རྣམ་ཤེས་སྟག་དང་འདྲ།། ནགས་ཁྲོད
iiif viewer powered by OpenSeadragon
2b - 3b