e-texts navigator
Collection
Volume
Page
Wylie

2a1 སྦྱང་ལ་སོགས་ཏེ། དུར་ཁྲོད་ཀྱི་བདག་མོ་གློག་གི་ཕྲེང་བ་ལ་སོ་ཊ་བས་བསྐོར་ཏེ། དེའི་ཚེ་དེའི་དུས་ན། གསང་བའི་བདག་པོས།། བཅོམ་ལྡན་འདས་གསོལ་པ། ཀྱཻ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ལས
2a2 བདག་ཅག་འཁོར་དང་བཅས་པ་ལ།། དབང་བསྐུར་བརྡའ་དང་བཅས་པ་བསྟན་དུ་གསོལ།། ཅེས་ཞུས་པས། ཀུན་ཏུ་བཟང་མོས་བཀའ་སྩལ་པ། རྒྱལ་ཐབས་སྤྱི་བླུག་དབང་དང་ནི།། སྦྲུལ་སྐུ་ཐུགས་ཕྲད་དབང་དང་ནི། རིག་པ་རྩལ
2a3 གྱི་དབང་དང་ནི། མཚན་མ་ཟིལ་གནོན་དབང་དང་ནི། དབུལ་མོ་གཏེར་གྱི་དབང་དང་ནི།། རྒྱལ་པོ་བཀའ་རྟགས་དབང་དང་ནི།། བློན་པོ་བཀའ་ཆད་དབང་དང་ནི།། བཙུན་མོ་དཔའ་མོའི་དབབད་པ་ནི།། ཅེས་གསུང་སོ།། དབང་རིན་པོ་ཆེ་འཁོར་ལོའི
2a4 རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྒྱས་ཐབ་སྤྱི་བླུག་དབང་བསྟན་པ། སྔོན་རྒྱ་གར་གྱི་ཡུལ་གྲོང་ཁྱེར་སེར་སྐྱ་ཞེས་པ་རུ། རྒྱལ་པོའི་ཕྲུ་གུས་ལྟད་མོ་ལ་ཕྱིན་པས།།




iiif viewer powered by OpenSeadragon

1b - 2b

Texts on this page

Gbr006.38 - lha rgyud rin po che dbang gi rgyud