| | e-texts navigator
|
1b1 ཙཿ། རྒྱ་གར་སྐད་དུ། དེ་བ་ཨ་བྷི་ཥིཉྩ་རཏྣ་ཙཀྲ་ཏནྟ་ན་མ་བོད་སྐད་དུ། ལྷ་རྒྱུད་རིན་པོ་ཆེ་དབང་གི་འཁོར་ལོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག
1b2 འཚལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཆོས་ཀྱི་དབྱིངས་བརྡལ་བ་ཆེན་པོའི་ཕོ་བྲང་ན། རྒྱ་ཡོངསུ་མ་ཆད་པའི་ཞིང་ཁམས་གསེར་གྱི་འོད་ཟེར་རབ་ཏུ་འཕྲོ་བ་ཞེས་བྱ་བ།། བཻ་དུརྱ་ཞུན་མས་རང་ནན་དུ་བྱས
1b3 པའི་ས་གཞིན། མ་འདྲེས་པ་ཡོངསུ་རྫོགས་པའི་གནས་ཆེན་པོ།། གསེར་ལ་རིན་པོ་ཆེ་སྤྲས་པའི་གནས།། དེས་ན་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་བཞུགས་ཏེ། འཁོར་ཉིད་ལས་མི་ཞན་པའི་འཁོར། ཡེ་ཤེས་རྣམ
1b4 བ་ལྔ་ལ་སོགས་ཏེ། རྒྱལ་སྲས་སྤྲུལ་པའི་འཁོར་རྡོ་རྗེ་སེམས་དཔའ་དང་། དབང་མེད་དད་པས་འདུས་པའི་འཁོར།། མཁའ་འགྲོ་མ་རྡོ་རྗེ་དྲག་མོ་ཁྲོ་གཉེར་གདོང་ཞེས་བྱ་བ། སྒྲོལ་མ་དང་འོད་ཟེར་ཅན་དང་། ཕག་གདོང་དང་སྐྱེ
iiif viewer powered by OpenSeadragon
1a - 2a