e-texts navigator
Collection
Volume
Page
Wylie

11a1 བསྟན་ཏེ། ཨཱ་ནི་ཏེ་སེ་གངས་དང་འདྲ།། ཝ་དང་འདང་དུ་དང་ནི།། ཡི་གེ་བཞི་པ་དབང་དངོས་ཡིན།། དོན་ནི་ཚིག་དབང་གསང་དབང་ཐབས།། ཤེས་རབ་བུམ་པའི་དབང་དང་ལྔ།།
11a2 རྩཝ་དང་ཡི་གེ་དབང་གསུམ་པོ།། ཕྱི་ནང་གསང་བའི་དབང་བསྐུར་ཡིན།། རྟགས་དང་བརྡའ་དང་དོན་དང་གསུམ།། བསྐུར་ཐབས་དབང་རྫས་ཐིམ་ལུགས་གསུམ།། ལྷ་དབང་ལུས་ལྔ་བསྐུར་བ་ནི།། ལུས
11a3 ཀྱི་ཞེན་པ་ལྡོག་པ་ནི།། ཡིས་ཆོས་ཀྱི་དབང་བསྐུར་བས།། ལྷ་ཡི་རང་རྒྱུད་ལྡོག་པ་ཡིན།། ཆོས་དབང་སེམས་ལ་བསྐུར་བས་ནི།། དུག་ལྔ་རང་སར་དག་པ་ཡིན།། དབང་གི་ཆུ་བཞི་བསྟན་པ་ནི།། རྩལ
11a4 མི་དགོས་པཱའི་ཡོན་ཏན་ཡོད།། དབང་ལྔ་དངོས་བསྟན་པ་ནི།། ངོ་སྤོང་ཁ་མཱི་འཁྱར་བའི་གཟེར།། དབང་ལྔ་ལམ་དུ་བླང་བ་ནི།། བྱིན་རླབས་རང་ལས་བྱུང་བ་ཡིན།། ལྷན་ཅིག་སྐྱེས་པ་རྣམ་བཞི་ནི།། ཐུན
11a5 མོངས་མ་ཡིན་ཁྱད་པར་མིན།། མཆོག་གི་འབྲས་བུ་ཐོབ་པ་ཡིན།། གཞི་ལམ་འབྲས་བུ་བསྟན་པ་ནི།། རྣལ་འབྱོར་རབ་འབྲིང་དགོང་སོ་ཡིན།། ཅེས་གསུང་སོ།། དབང་རིན་པོ་ཆེ་འཁོར་ལོའི་རྒྱུད་ལས
11a6 ལྷ་ཆུང་ངུང་ངུའི་ལིའུ་སྟེ་བཅུ་གཉིས་པའོ།། ། གསང་བའི་བདག་པ་སྦྱོང་ཉི་ཅིག། ལྷ་ཆུང་རིན་པོ་ཆེ་དབང་གི་འཁོར་ལོ་ཞེས་བྱ་བ་འདི།། ཆགས་ཆུང་ལ་ངོན་ཆེ། བརྟག་པ




iiif viewer powered by OpenSeadragon

10b - 11b

Texts on this page

Gbr006.38 - lha rgyud rin po che dbang gi rgyud