| | e-texts navigator
|
10b1 དབང་རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། ཐིག་ལེའི་གདམས་པ་སྐུ་གསུམ་ངོ་སྤྱོད་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག།
10b2 དབང་གི་ཆུ་བོ་བཞི་པོ་བསྟན་པར་བྱ།། དེ་ལ་རྟའི་ཆུ་བོ་ཆེན་པོ་བཞི།། པག་སྨིན་དྷ་སིན་རྒྱུ་དང་།། གླང་པོའི་ཁ་ནས་འབབ།། སིན་དྷརྨ་བྱའི་ཁ་ནས་འབབ།། སིན་ད་སེངྒེའི་ཁ་ནས་འབབ།། པ་ག་ཤུ་རྟའི་ཁ
10b3 ནས་འབབ།། དེ་བཞི་ཏི་སེའི་གངས་ལ་གནས།། རྒྱུན་ཆད་མེད་པས་རྔའི་དབང་།། རྟགས་ནི་ཀླད་པ་དུང་ཁང་ལ།། རྣ་བ་གླང་ཆེན་ཉལ་བ་འདྲ།། མིག་ནི་རྨ་བྱ་མེ་ཏོག་ཟ་བ་འདྲ།། ཁ་ནི་སེང་གེ་གནམ་དུ
10b4 མཆོད་པ་འདྲ།། སྣ་ནི་རྟ་སྔོན་ཐུར་དུ་རྒྱུག་པ་འདྲ།། གཏི་མུག་འདོད་ཆགས་ཞེ་སྡང་དང་།། ང་རྒྱལ་ཆུ་བཞི་རྟག་ཏུ་འབབ།། རྟོག་པ་ཡིས་རྣམ་པ་བཞི།། རྒྱུན་མི་ཆུད་པས་དབང་གི་ཆུ།། དོན་ནི་སྙིང་ལ་རིག
10b5 པའི་ཡིས་གནས།། ཆོས་ཉིད་རྩ་ནི་རྨ་བྱ་འདྲ།། ཐབས་ཀྱི་རྩ་ནི་གླང་ཆེན་འདྲ།། ཡིས་རྩ་ནི་སེངྒེ་འདྲ།། སྐྱོན་ཡོན་རྩའི་རྟ་མཆོག་འདྲ།། ཆོས་ཉིད་རྩཝ་ལ་འོད་ལྔ་རྒྱུ།། སྲས་རྩ་ལ་འགྱུ་བ་རྒྱུ།། སྐྱོན་ཡོན་རྩ་ལ
10b6 ཉོན་མོངས་རྒྱུ།། བློ་བུར་རྩལ་རྣམ་ཤེས་རྒྱུ།། རྩ་ནི་སྲོག་ཆགས་ཆེན་པོ་བཞི།། འགྱུ་བ་ལ་སོགས་ཆུ་བཞི་འབབ།། དབང་གི་ཆུ་བོ་ཆེན་པོ་བཞི།། རྒྱུན་ཆད་མེད་པའི་དབང་བསྐུར་བཞི།། དེ་ནི་དབང་གི
iiif viewer powered by OpenSeadragon
10a - 11a