e-texts navigator
Collection
Volume
Page
Wylie

10a1 པ་དང་། དགྲམ་པ་དང་ནི་བཏང་བའོ།། དངས་མ་བཟུང་དང་སྙིགས་མ་གཏང་།། དྭེ་ལ་སཱ་ཡིས་ངོས་འཛིན་པ།། ཐུན་མོངས་ཐིག་ལེར་ཤེས་པར་བྱ།། ཁྱད་པར་ཐིག་ལེ་རྣམ་པ་གསུམ།
10a2 གཞིའི་ཐིག་ལེ་ངོ་བོ་ཡིན།། རྒྱུའི་ཐིག་ལེ་རྒྱུབ་གསལ།། ལམ་གྱི་ཐིག་ལེ་འང་ལྔ་གསྔལ།། དེ་ནི་ཕྲ་ཐིག་རབས་ཐིག་ཡིན།། དངོས་པོ་བཞི་ལམ་འབྲས་བུ་གསུམ།། རིག་པ་འོད་གསལ་གཞིའི་ཐིག
10a3 ལེ་ཡིན།། སྣང་བ་འོད་གསལ་ལམ་གྱི་ཐིག་ལེ་ཡིན།། ཡིས་འོད་གསལ་འབྲས་བུའི་ཐིག་ལེ་ཡིན།། འགྱུ་བའི་རྩ་བཞི་གསལ་བ་གནད་ཀྱི་ཐིག་ལེ་ཡིན།། འགྱུས་ཚད་རང་གསལ་གདམས་པའི་ཐིག
10a4 ལེ་ཡིན།། དབྱེར་མེད་རང་གསལ་བཀའ་བརྒྱུད་ཐིག་ལེ་ཡིན།། འགྱུ་བ་ཚད་ལ་ཕེབས་ཙམ་ན།། ཡིས་ཐིག་ལེ་སླེབ་པ་ཡིན།། ཐིག་ལེ་ཚད་ལ་ཕེབས་ཙམ་ན།། ཆོད་པའི་གོལ་སཆོད་པ་ཡིན།། རྩ་རྒྱུད་ཚང
10a5 ལ་ཕེབས་ཙམ་ན།། རྟག་པའི་གོལ་ས་ཆོད་པ་ཡིན།། རླུང་རྒྱུད་ཚད་ལ་ཕེབས་ཙམ་ན།། མཐའ་བཞིའི་གོལ་ས་ཆོད་པ་ཡིན།། རྩའི་གདམས་ངག་བསྟན་ཙམ་ན།། ཆོས་སྐུའི་དགོངས་པ་ཤར་བ་ཡིན།། ཐིག
10a6 ལེའི་གདམས་པ་གཏན་ཙམ་ན།། ལོང་སྐུ་མངོན་དུ་གྱུར་པ་ཡིན།། རླུང་གི་གདམས་ངག་བསྟན་ཙམ་ན།། སྤྲུལ་སྐུ་ཁོང་ནས་ཤར་བ་ཡིན།། མཆོག་ནི་འདུ་འབྲལ་མེད་པ་ཡིན།། ཅེས་གསུངས་སོ།།




iiif viewer powered by OpenSeadragon

9b - 10b

Texts on this page

Gbr006.38 - lha rgyud rin po che dbang gi rgyud