e-texts navigator
Collection
Volume
Page
Wylie

5a1 འདོད་པ། དེ་ནི་འབྲས་བུའི་གྲོལས་ཡིན་ཀུན་གཞི་ཆོས་སྐུར་འདོད་པ་ནི།། དེ་ནི་གཞི་ལི་གོ་ལས་ཡིན།། གཅིག་པོ་འདི་ལྟར་ཤེས་པར་གྱིས།། རིག་པའི་ཡིས་རང་གྲོལ་ལ།། ཤེས་རབ་ཟང་ཐལ་རང
5a2 གསལ་བ།། དང་པོ་འཇུག་པའི་སྒོ་མེད་པས།། མཚན་མའི་ལཾ་དུ་དེ་མི་གོལ།། བར་དུ་ལྔ་གསུམ་མི་འདོད་པས།། འབྲས་བུ་རེ་རོགས་ང་མི་གོལ།། ཐིག་ལེ་ཉག་གཅིག་རིག་པ་ལ།། ས་དང་ལམ་ལ་འགྲོད་མེད་པས།
5a3 ཐེག་པ་རིམ་དགུར་ང་མི་གོལ།། ཐ་མ་ཉག་ཅིག་རང་ཡིན་པས།། སྐྱོན་ཡོན་གཉིས་ལ་རྦད་ཁམ་མཐོང་།། ཅེས་གསུངསོ།། ནོར་བུ་རིན་པོ་ཆེའི་རྒྱུད་ལས།། རང་རིག་པའི་སྣང་པ་དང་།། ཐེགས་ལེ་ཉག་གཅིག་ལ
5a4 ངོ་སྤྲད་པའི་ལེའུ་སྟེ་བདུན་པོ།། ། རྡོ་རྗེ་སེམས་དཔེས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཉོན་གཅིག། རང་གི་འདུག་ཚུལ་བསྟན་པ་ནི།། ང་ནི་རྡོ་སེམས་དཔའ་སྟེ།། མེ་ཏོག་པདྨའི་འདབ་མ་།
5a5 པ་ཉིད་རྫུས་ཏེ་ལོང་སྐུར་སྐྱེས།། ཡར་ལ་ཆོས་སྐུའི་ཞིང་ཁམས་གསལ།། མར་ལ་ཁམས་གསུམ་མ་ལུས་གསལ།། ཐུཊ་ཁར་ཁུད་བྷ་ཞ་གཉིས་གསལ།། ཐོད་པ་ལས་བྱུང་བ་ཡིན།། ཐཾད་པ་ལ་སྐྱེས་པ་ཡིན།། ང་མེད་པ
5a6 སྔོན་རོལ་ནོ།། ཆོས་སྐུ་བྱ་བའི་མིང་ཡང་མེད།། ཅེས་གསུང་སོ།། ནམ་བུ་རིམ་པ་ཆེའི་རྒྱུད་ལས།། རྡོ་རྗེ་སེམས་དཔའི་ང་སྤྲད་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་བྲན་ཆུ་བཟམ་པའི་རང་གི་འདུག་ཚུང་བསྟན་པ་ནི




iiif viewer powered by OpenSeadragon

4b - 5b

Texts on this page

Gbr006.4 - nor bu rin po che'i rgyud