| | e-texts navigator
|
4b1 ཤེས་རབ་དང་།། བདག་འཛིན་མེད་པའི་ཤེས་རབ་པོ།། ཤེས་རབ་གསུམ་ལ་ངོ་སྤྲད་པས། ད་ལྟ་ཉིད་དུ་ཟང་ཐལ་ཡིན་ཅེས་གསུངསོ།། ནོར་བུ་རིན་པོ་ཆེའི་རྒྱུད་ལས། ཐིག་ལེ་དང་སྣང་བ་ངོ་སྤང་བའི་ལེའུ་སྟེ་ལྔ་པའོ།།
4b2 དེ་ནས་རྡོ་རྗེ་སེམས་དཔས་བཀའ་སྩལ་པ། རང་རིག་ངོ་བོ་འདུག་ཚུལ་ལས་དཔགསུམ།། ངོ་བོ་རང་རིག་དང་གསལ་ལོ།། འདུག་ཚུལ་རང་བཞིན་མེད་པའོ།། ལས་ནི་ཤེས་རབ་རྣམ་གསུམོ།། ཐོགས་པ་མེད་པའི་ཤེས་རབ་དང་།།
4b3 རྒྱུན་གྱིས་བཏེགས་པའི་ཤེས་རབ་དང་།། ཤེས་རབ་ཟང་ཐལ་རྣམ་གསུམ་མོ།། ཤེས་རབ་གསུམ་ལ་ངོ་སྤྲད་པས།། རིག་པ་ཡེས་ཆེན་པོར་གྲོལ།། ཅེས་གསུངསོ།། ནོར་བུ་རིན་པོ་ཆེའི་རྒྱུད་ལ་ས། རིག་པའི་ངོ་སྤྱད་པའི་ལེའུས
4b4 དྲུག་པའོ།། །། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། ཉོན་གཅིག་འགྲོ་ཀུན་གྱིས་མགོན། རིག་པའི་སྣང་བ་བསྟན་པ་ནི།། ཡིས་ལྔ་དང་སྐུ་ལྔ་དང་། ལྷ་སྒོམ་སྤྱོད་དང་འབྲས་བུ་དང་།། ཚུལ་ཁྲིམས་སྡོམ་པ་དམ་ཚིག་དང་།
4b5 རོཇུག་སྒོ་ལ་སོགས་གྲུབ་པའི་འབྲས་བུ་རྣམ།། ཡང་དག་དོན་དང་འཐུན་པ་མེད།། འོག་མ་ཀྱི་ཕྱིར་བསྟན་པ་ཡིན།། ལྔ་དང་བཞི་དང་གསུཾ་དུ་འདོད་པ་རྣམས།། རྒྱུ་ལ་འབྲས་བུ་ཛ་ལོག་པས།། རི་དགས་མིག་སྒྱུ་རྙེག་པ་འདྲ།། དཔེར་ན
4b6 ལ་འབྱོར་ཁ་ནཱ~ཾ་ཁས།། མི་ཚིག་ལ་ནི་རྒྱབན་ནི།། མགུག་གསུམ་དུ་འབྱུང་བ་ལས།། རྨ་གཅིག་འབྱུང་བར་ག་ལ་འགྱུར།། དེ་བཞིན་ཐིག་ལེ་ཉ་གཅིག་ལ།། ལྷ་སྒོམ་སྤྱོད་པ་འཆིང་བའི་རྒྱུད།། དེ་ནི་མ་གྱི་གོལ་ས་ཡིན།། སྐུ་ལྔ་ཡིས
iiif viewer powered by OpenSeadragon
4a - 5a