e-texts navigator
Collection
Volume
Page
Wylie

4a1 གནས་སོ།། རིན་པོ་ཆེ་ཆུ་ཤེལ་དང་མེ་ཤེལ་ནི་འབྱུང་བའི་བཅུད་ལ་གནས་སོ།། རིན་པོ་ཆེ་མཚོན་ཤེལ་རྒྱ་མཚོའི་གཏིང་གི་འདམ་ལ་གནསོ།། རིན་པོ་ཆེ་མན་ཤེལ་ནི་ཀུན་ཏུ་བཟང་པོའི་ཐུགས་ཁ་ན་གནས་སོ།།
4a2 དེ་རྣམས་ནི་ཕྱི་ལྟར་བཤད་པའོ།། རིན་པོ་ཆེ་རྡོ་ཤེལ་ནི་སྡེ་སྣོད་གསུམ་སོ།། མེ་ཤེལ་དང་མུ་ཤེལ་ནི་ཡོ་ག་གསུམོ།། རིན་པོ་ཆེ་མཚོན་ཤེལ་ནི། མ་ཧཱ་ན་སེམས་ཕྱོགས་གསུམ་དུ་ངོ་སྤོང་ངོ་།། རིན་པོ་ཆེ་མན་ཤལ་ནི། ཀུན་ཏུ་བཟང་པོའི
4a3 དགོངས་པར་ངོ་སྤྲོད།། དེ་རྣམས་ནི་ནང་ལྟར་བཤད་པའོ།། རང་གིས་རང་ལ་མ་ལྟས་ཏེ་རང་གྲོལ་བའི་རིན་པོ་ཆེ་ནི་རིག་པའི་ཡིས་སུ་ངོ་སྤྲད་དོ།། རང་གྲོལ་རང་བྱུང་ལྷུན་གྲུབ་ཀྱི་ནོར་བུ་ནི།། རང་བྱུང་ཡིས་སུ་ངོ་སྤྲད་དོ།། གང་ལ་ཡང་ནི
4a4 ལྟོས་ཏེ་ཡིད་བཞིན་དུ་གྲུབ་པའི་ནོར་བུ་ནི། རང་རིག་པའི་ཡིས་སུ་ངོ་སྤྲད་དོ།། ཡོངས་སུ་གྲུབ་པའི་ནོར་བུ་རིན་པོ་ཆེ་ནི། རྣམ་པ་ཐཾད་མཁྱེན་པའི་ཡཻ་སུ་ངོ་སྤྲད་དོ།། ནོར་བུ་རིན་པོ་ཆེ་སྣང་བྱེད་ནི། ཐད་མཁྱེན་པའི་ཡིས་ཟང་ཐལ་དུ་པོ་སྨྲ
4a5 ཅེས་གསུངས་སོ།། རྡོ་རྗེ་སེམས་དཔས་མིའི་བྱང་ཆུབ་སེམས་དཔའ་ལ། མཱན་ཤེལ་ལ་ངོ་སྤྱོད་རྣམ་པ་བསྣུན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་ཡང་རྡོ་རྗེ་སེམས་དཔས་བཀའ་སྩལ་པ། ཐིག་ལེ་ཉག
4a6 ཅིག་སྙན་པ་ནི།། ངོ་བོ་རྩལ་དང་ལས་དང་གསུམ།། ངོ་བོ་ཐ~ཾད་མཁྱེན་པའི་ཡཾ་སོ།། རྩལ་ནི་ཡིས་ཆེན་པོ་ཡིན།། ལས་ནི་རང་གྲོལ་ཉག་ཅིག་གོ།། སྣ་བ་ཆེན་པོ་ཐིག་ལེའི་རྩ་ལ།། འགྱུར་བ་མེད་པའི་ཤེས་རབ་དང་།། འགག་པ་མེང་ན




iiif viewer powered by OpenSeadragon

3b - 4b

Texts on this page

Gbr006.4 - nor bu rin po che'i rgyud