| | e-texts navigator
|
2b1 དཀྱི་སོར་བཞི་ཡ་སྤྲད་པས།། སྣང་བྱེད་ཀྱི་མི་ཀྱི་ཁོར་ནི།། གདུལ་བྱའི་དོན་དུ་གསུངས་པ་ཡིན།། རང་སུསུ་དཀྱིསར་བསྟན་པ་ནི།། རྫོགས་པའི་དོན་དུ་བསྟན་པ་ཡིན།། ཡིས་དརྒྱ་ལོར་བསྟན་པ་ནི།། ཐིག་ལེ་ཆོས་སྐུར་བཤད་པ་ཞིས
2b2 གཉིས་མེད་ཆོས་སྐུར་བཤད་པ་ཡིན།། ལྟ་བའི་དོན་དུ་བསྟན་པའོ།། ལུས་ལས་ཀྱང་དཀྱི་ལོར་ཆེན་པོ་ཡངས་པ་ཡིན།། གཉིས་མེད་གཉིས་སུ་མེད་པར་སྟོན།། ཡང་དག་མཐའ་ལས་རྣམ་པར་གྲོལ་ཞེས་གསུངས་སོ།། ངོ་སྤྲད་བཞི་པའི་ལེའུ
2b3 སྟེ་ལྔ་པའོ།། །། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ངོ་སྤྲོད་བཞི་ཡི་དོན་ཆོད་ནས།། རྟཌ་ཀྱང་རྣམ་པ་གསུམ་འབྱུང་སྟེ།། ཕྱིའི་རྟགས་དང་ནང་གི་རྟགས།། གསང་བའི་རྟགས་དང་གསུམ་དུ་བྱུང་།། ཕྱིའི་རྟ
2b4 ལ་རྣམ་གསུམ་སྟེ།། སྣང་བས་གནོད་པ་མི་ནུས་ན།། དེ་ནི་རྟགས་ཀྱི་དང་པོ་ཡིན།། ལུས་ལ་འབྱུང་བས་མི་ཚུགས་ན།། དེ་ནི་རྟགས་མཆོག་གཉིས་པ་ཡིན།། རྐྱེན་རྣམས་ཐིག་ལེར་ཤེས་པ་ནི།། དེ་ནི་རྟགས་མཆོག་གསུམ་པ
2b5 ཡིན།། ཕྱིའི་རྟགས་ཀྱི་ལེའུ་སྟེ་དྲུག་པའོ།། ། ནང་གི་རྟགས་ལ་རྣམ་གསུམ་སྟེ། མཁའགྲོའི་ལུང་སྟོན་དང་པོ་ཡིན།། ཆོས་ཀྱིས་སྐད་གཏེར་གཉིས་པ་ཡིན།། རིག་པའི་དབང་ཐོབ་གསུམ་པ་ཡིན་ཅེས
2b6 འབྱུང་ངོ་།། གསང་བའི་རྟགས་ལ་རྣམ་གཉིས་ཏེ།། གསང་བའི་རྟགས་དང་ཡང་གས་བརྟཊ།། གསང་བའི་རྟགས་ལ་རྣམ་ལྔ་སྟེ།། རིགས་པས་གཟུང་འཛིན་མི་ནུས་ཏེ།། རིག་པ་ཡིས་རབ་ཤར་ལ།། དུག་ལྔ་ཡིས་ཐུགས་ཕྲད་ཤེས།
iiif viewer powered by OpenSeadragon
2a - 3a