| | e-texts navigator
|
5a1 མི་གཡོའི་སྐུ་དེ་རང་བྱུང་ཡིན།། ཐུགས་རྗེ་ཀུན་ལ་འཕྲོ་བས་འོད་ཟེར་ཅན།། སངས་རྒྱས་བྱིན་བརླབས་ཕོག་པས་སྒྲོལ་མ་ཡིན།། སྣང་བ་སྡུག་པར་སྣང་བས་ངག་གདོང་མ།། ཤེས། རབ་ཁོང་ཤར་རལ་གྲི་ཡིན།། ཡེ་ཤེས་ཟང་ཐལ།།
5a2 རྡོ་རྗེ་དང་།། སྐུ་གསུམ་བྱིན་རླབས་སྣང་བ་ཕྲེང་བ་དང་།། ཡོན་ཏན་སྣ་ཚོགས་གཅོད་པས་རལ་གྲི་དང་།། ཆོས་སྐུ་ཡོན་ཏན་རྒྱས་པས་ཨུད་དཔལ་ལ།། ཡོན་ཏན་གཏེར་ཆང་བུམ་པ་དང་།། སྐུ་གསུམ་རང་ལ་གནས་པས་ཁ་ཏཱཾ་ཁ།། ཐམས་ཅད་རང་ལ་རྫོགས
5a3 པས་དབང་ཆེན་ཐོབ།། ཅེས་གསུང་སོ།། ལྷ་རྒྱུད་རིན་པོ་ཆེའི་སྡུད་པ་ལས།། བརྩོལ་མེད་རང་སྣང་དུ་བསྟན་པའི་ལེའུ་སྟེ། དྲུག་པའོ།། ། དེ་ནས་ཡང་བཀའ་སྩལ་པ།། རྩོལ་བཅས་ལྷ་དབང་བསྟན་པ་ནི་ཀ། དང་པོ་བུམ་པའི་དབང
5a4 ཡིན་ཏེ། དབང་པོ་བུམ་པ་ལྷའི་གྲངས་དང་འཐུན།། དེ་ལ་དབང་ལྔ་རྫོགས་པ་ནི།། བུམ་པ་གཞལ་ཡས་ཁང་ཡིན་པས།། བྲུཾ་ལས་གཞལ་ཡས་ཁང་དུ་བསྐྱེད་།། དེའི་ནང་དུ་བུམ་རྫས་བླུག། གདན་དང་བསྐྱེད་དང་སྤྱན་དྲངས་བསྟིམ།། འཛད་དང་རྙེན་བསྒྲུབ་བྱས
5a5 ནས་ནི།། དེ་ནས་འོད་དུ་ཞུ་ནས་ནི།། སྤྱི་བོ་དག་ནས་དབང་བསྐུར་བས།། བུམ་པའི་དབང་ཞེས་བྱ་བ་ཡིན།། ལུས་ཀྱི་སྒྲིབ་པ་འདགས་པར་བྱེད།། བུམ་པ་བུམ་རྫས་བསྐྱེད་བྱ་ཐབས་ཀྱི་དབང་།། ལྷ་རྣམས་བཀུག་སྟིམ་སྦྱོར་བ་མཛད།། ཤེས་རབ་དབང
5a6 དུ་བསྟན་པ་ཡིན།། སྦྱོར་བ་བྱང་ཆུབ་སེམས་ཀྱི་ཆུ།། ཡེ་ཤེས་དབང་དུ་བསྟན་པ་ཡིན།། རྡོ་རྗེ་ལྕེ་ལྟེངས་བཞག་པ་ནི།། ངག་གི་སྒྲིབ་པ་དག་པར་བྱེད།། ལྷ་ལ་ཡེ་ཤེས་རྒྱས་བཏབ་ནས།། སྐྱེ་བ་མེད་པར་བསྟན་པ་ནི།། ཚིག་གི་དབང་དུ་རྗོད་པ་ཡིན།
iiif viewer powered by OpenSeadragon
4b - 5b